18
ཡ༌ཝའེ༌ ཨབ༌ར༌ཧམ༌མ༌ བུ༌ཚ༌ཞིག༌ སལ༌ཅེས༌སི༌ ཞལ༌ཆད༌ ཛདས༌།
ཞག༌ཤིག༌ ཉིང༌གུང༌ངི༌ ཏུས༌ ཨབ༌ར༌ཧམ༌ མམ༌རེ༌ ལྕང༌མ༌གུན༌ནི༌ དུན༌ལ༌ ཁོ༌རང༌ངི༌ ཀུར༌རི༌ སྒོའེ༌ཀ༌ དུགས༌ཏེ༌ ཡོད༌ ཟ༌ནེ༌ ཁོའ༌ ཡ༌ཝ༌ ཇལ༌། ཁོའེ༌ སྐྱེན༌ལ༌ ལྟས༌པ༌ འ༌ཟམ༌ཤིག༌ག༌ མི༌ སུམ༌ ལངས༌ཏེ༌ ཐོང༌། ཁོང༌གུན༌ ཐོང༌ང༌ ཅིག༌, ཁོ༌ བང༌ཏངས༌ཏེ༌ ཁོང༌གུན༌ལ༌ ཐུག༌ག༌ སོང༌, ཡང༌ ས༌ ཐུག༌ ཅུགས༌ཏེ༌ གོ༌ སྒུས༌།
ཁོའེ༌ ཟེརས༌, "ངའེ༌ གཙོ༌བོ༌ གལ༌ཏེས༌ ཉེ༌རང༌ངི༌ ང༌ འོས༌པ༌ སམ༌མད༌ན༌ ཉེ༌རང༌ངི༌ ཞབ༌སྟོག༌པ༌ ངའེ༌ ཁང༌པ༌ སྐྱོད༌ད༌ ཛད༌། ཉེ༌ཞའ༌ འི༌ཀ༌ ལྕང༌མའེ༌ སིལ༌ལ༌ ངལ༌ཚོས༌ཏེ༌ ཞུགས༌ས༌ཛད༌ ངའེ༌ ཉེ༌ཞའེ༌ རྐང༌པ༌ ཁྲུ༌ཅེས༌ལ༌ ཆུ༌ ཁྱོང༌ཨིན༌། ངའེ༌ ཁང༌པ༌ སྐྱོད༌ཅེས༌པོའེ༌, ངའ༌ ཉེ༌ཞའ༌ དོན༌ཅེས༌ལ༌ ཁར༌ཇི༌ ཁྱོང༌ ཅུག༌ག༌ཛད༌ ཀ༌བོའེ༌ ཉེ༌ཞའ༌ བེས༌ལ༌ སྐྱོད༌ཅེས༌སི༌ ནང༌ང༌ རོགས༌ ཐོབ༌ཨིན༌། ཁོང༌གུན༌ནི༌ མོལས༌, "གྱལ༌ལ༌ རག༌, ཁྱོ༌རང༌ངི༌ ཟེར༌ཁན༌བོ༌ ཅོས༌།"
ཨབ༌ར༌ཧམ༌ གྱོགས༌པ༌ ཀུར༌རི༌ ནང༌ང༌ སོང༌ ཡང༌ སཱ༌ར༌ ཟེརས༌, "གྱོགས༌པ༌ པག༌པའེ༌ གྱལ༌ཤོག༌ བན༌ཤིག༌ ཁྱོངས༌ཏེ༌ ཏ༌གི༌ སྲོག༌།"
ཏེ༌ནེ༌ ཁོ༌ བང༌ཏངས༌ཏེ༌ བ༌ལང༌གུན༌ནི༌ ཕྲོའ༌ སོང༌ཏེ༌ བེ༌ཙོ༌ གྱགས༌པ༌ཞིག༌ ལྡམས༌ཏེ༌ སདས༌ ཡང༌ ཡོག༌པོའ༌ ཏངས༌, ཁོའེ༌ གྱོགས༌པ༌ ཏེ༌བོ༌ སྐོལ༌ཏེ༌ ཁྱོངས༌། ཁོའེ༌ ཞོ༌, འོ༌མ༌ དང༌ ཤ༌ སྐོལ༌ཁན༌གུན༌ ཁོང༌གུན༌ནི༌ དུན༌ལ༌ རིགས༌ ཡང༌ ཁོང༌གུན༌ དོན༌ཏང༌ དོན༌ ཟ༌ནེ༌ ཨབ༌ར༌ཧམ༌ ལྕང༌མའེ༌ ཡོག༌ག༌ ཁོང༌གུན༌ནི༌ དུན༌ལ༌ དུགས༌།
ཁོང༌གུན༌ནི༌ ཁོའ༌ ཏྲིའ༌ ཛདས༌, "ཁྱོ༌རང༌ངི༌ ན༌མ༌ སཱ༌ར༌ ཀ༌ནེ༌ ཡོད༌།
ཁོའེ༌ ལན༌ཏངས༌, "ཀུར༌རི༌ ནང༌ཀུག༌ག༌ ཡོད༌ལེ༌།"
10 ཁོང༌ ཅིག༌གི༌ མོལས༌, "སྟིང༌མ༌ ལོ༌ འིན༌ན༌ ཏུས༌པའེ༌ཀ༌ ང༌ ལོགས༌ཏེ༌ ཡོང༌ཨིན༌ ཡང༌ ཁྱོ༌རང༌ངི༌ ན༌མའ༌ བུ༌ཚ༌ཞིག༌ ཇོར༌ཏེ༌ ཡོང༌ཨིན༌།" སཱ༌ར༌ ཀུར༌རི༌ སྒོའེ༌ དུན༌ལ༌ ཉན༌ཏེ༌ ཡོད༌པིན༌། 11 ཨབ༌ར༌ཧམ༌ དང༌ སཱ༌ར༌ ལོ༌ མང༌པོ༌ སོང༌ཏེ༌ རྒད༌པོ༌ ཡོད༌པིན༌, ཡང༌ སཱ༌ར༌ ཟླ༌ཁྲག༌ བིང༌ཅེས༌པོའང༌ ཆད༌ཏེ༌ མེད༌པིན༌། 12 ཏེན༌ན༌བོའེ༌ཕིའ༌ སཱ༌ར༌ གོདས༌ ཡང༌ སམ༌, "ང༌ དང༌ ངའེ༌ ཞིད༌མད༌ སྒས༌ཏེ༌ ཀ༌ཟུག༌གི༌ ང༌ཞའ༌ ཕྲུ༌གུ༌ ཇོར༌ཏེ༌ སྐྱིད༌པོའེ༌ ཏུས༌ཤིག༌ ཐོབ༌ཐུབ༌ཨིན༌།"
13 ཏེ༌ནེ༌ ཡ༌ཝའེ༌ ཨབ༌ར༌ཧམ༌མ༌ མོལས༌, "ཅི༌ཕིའ༌ སཱ༌ར༌ གོད༌ཏེ༌ ཟེར༌ར༌ནོག༌, 'ཅི༌ དེན༌བའ༌ ང༌ ཙོགས༌ རྒད༌མོ༌ བུ༌མོ༌ ཞིག༌ག༌ ཕྲུ༌གུ༌ ཇོར༌ཨིན༌ན༌?' 14 ཡ༌ཝའ༌ ཅོ༌མི༌ཉན༌ཅེས༌ ཅི༌ ཡོད༌ཀྱག༌? ཀ༌ཟུག༌ ངའེ༌ ཟེརས༌ སྟིང༌མ༌ ལོ༌ འིན༌ན༌ ཏུས༌པའེ༌ཀ༌ ང༌ ལོགས༌ཏེ༌ ཡོང༌ ཟ༌ནེ༌ སཱ༌ར༌ བུ༌ཚ༌ཞིག༌ ཇོར༌ཏེ༌ ཡོང༌ཨིན༌།"
15 སཱ༌ར༌ ཇིགས༌ པ༌སང༌ ཁོའེ༌ ཟུན༌ ཏངས༌ཏེ༌ ཟེརས༌, "ང༌ མ༌གོད༌པིན༌ ལེ༌།" ཨིན༌ནའང༌ ཡ༌ཝའེ༌ མོལས༌, "མན༌, ཁྱོ༌རང༌ གོདས༌།"
ཨབ༌ར༌ཧམ༌མི༌ སོ༌དོམ༌པ༌གུན༌ སྐྱོབ༌བ༌ ཛད༌ཅེས༌ལ༌ ཞུ༌ཝ༌ ཞུས༌།
16 དོན༌ཏང༌ དོན༌ ཚར༌ར༌ཅིག༌ མི༌གུན༌ སྐྱོད༌ད༌ལ༌ ཞངས༌ཏེ༌ སོ༌དོམ༌མི༌ གྱལ༌ས༌ ཆོགས༌ལ༌ ཟིགས༌ ཡང༌ ཨབ༌ར༌ཧམ༌ དན༌སྐྱལ༌ལ༌ ཁོང༌གུན༌ ཉམ༌པོ༌ སོང༌། 17 ཡ༌ཝའེ༌ ཁོང༌རང༌ང༌ མོལས༌, "ངའེ༌ ཅོ༌ཅེས༌ཅན༌བོ༌ ཨབ༌ར༌ཧམ༌མ༌ ཤད༌ད༌? 18 ཁོའེ༌ པུར༌གྱུད༌གུན༌ གྱལ༌ཁམས༌ ཀྲག༌པོ༌ དང༌ ཝང༌ཅན༌ གྱུར༌ཨིན༌ ཡང༌ ཁོང༌གུན༌ གྱུད༌ཏེ༌ གྱལ༌ཁམས༌ ཚང༌མ༌ལ༌ ཅིན༌ལབས༌ ཐོབ༌ཨིན༌། 19 ངའེ༌ ཁོ༌ ལྡམས༌ཏེ༌ ཨིན༌, ཁོའེ༌ ཁོ༌རང༌ངི༌ པུར༌གྱུད༌གུན༌ དང༌ ཁོའེ༌ ཁང༌པའེ༌ ནང༌ང༌ དུག༌ཁན༌གུན༌ལ༌ འོས༌པ༌ དང༌ དྲང༌པོ༌ ཅོ༌ཨིན༌ ཡ༌ཝའེ༌ ལམ༌མི༌ཀ༌ གྲུལ༌ཅེས༌ལ༌ བཀའ༌ཏང༌ཨིན༌། ཏེ༌ནེ༌ ངའེ༌ ཁོ༌ ཉམ༌པོ༌ ཁ༌ཆད༌ ཅོས༌ཁན༌ ཚང༌མ༌ གྲུབ༌ཅུག༌ ཨིན༌།"
20 ཏེ༌ནེ༌ ཡ༌ཝའེ༌ ཨབ༌ར༌ཧམ༌མ༌ མོལས༌, "སོ༌དོམ༌པ༌ དང༌ གོ༌མོ༌ར༌པ༌ གུན༌ནི༌ གྱབ༌གལ༌ལ༌ ཉད༌གལ༌ དྲག༌པོ༌ ཕོགས༌ཏེ༌ དུག༌ ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ སྡིག༌པ༌གུན༌ མ༌ ངན༌པ༌ ཡོད༌ཏེ༌ ཨིན༌ནོག༌། 21 ང༌ ཐུར༌ལ༌ སོང༌ཏེ༌ ཁོང༌ངི༌ སྡིག༌པ༌, ཉད༌གལ༌ ཀལ༌ཁན༌ ཙོགས༌ ངན༌པ༌ དུག༌ག༌ ལྟེན༌, གལ༌ཏེས༌ མེད༌ན༌, ངའེ༌ ཤེས༌ཨིན༌།
22 ཏེ༌ནེ༌ མི༌ ཉིས༌ཀོ༌ སོ༌དོམ༌ གྱལ༌སའེ༌ ཆོགས༌ལ༌ སོང༌ ཨིན༌ནའང༌ ཨབ༌ར༌ཧམ༌ ཡ༌ཝའ༌ ཉམ༌པོ༌ ལངས༌ཏེ༌ དུགས༌། 23 ཨབ༌ར༌ཧམ༌མི༌ ཡ༌ཝའེ༌ དུན༌ལ༌ སོང༌ཏེ༌ ཏྲིས༌, "དེན༌བའ༌ ཉེ༌རང༌ངི༌ དྲང༌པོ༌ མི༌གུན༌ ངན༌པ༌གུན༌ ཉམ༌པོ༌ མེད༌ཁན༌ ཛད༌ཅེས༌ ཨིན༌ན༌ལེ༌? 24 གལ༌ཏེས༌ གྱལ༌སའེ༌ ནང༌ང༌ དྲང༌པོ༌ མི༌ 50 ཡོད༌ན༌, ཉེ༌རང༌ངི༌ གྱལ༌ས༌ གང༌མ༌ མེད༌ཁན༌ ཛད༌ཨིན༌ན༌, ཉེ༌རང༌ངི༌ 50 སྐྱོབ༌ཅེས༌སི༌ ཕིའ༌ ཁོང༌གུན༌ལ༌ ཤགས༌པ༌ མི༌སལ༌ལ༌? 25 ཉེ༌རང༌ངི༌ འི༌ཟུག༌ ཅོའ༌ མན༌ནེ༌ མི༌ཛད༌, དྲང༌པོ༌ མི༌གུན༌ ངན༌པ༌གུན༌ ཉམ༌པོ༌ སད༌ད༌ མི༌ཛད༌། ཅི༌ཕིའ༌ ཉེ༌རང༌ངི༌ དྲང༌པོ༌གུན༌ སྡིག༌ཅན༌གུན༌ ཙོགས༌ ཐེན༌, ཏན༌ཏན༌ལ༌ ཉེ༌རང༌ངི༌ ཏེ༌ཟུག༌ ཅོའ༌ མི༌ཛད༌། ཇིག༌རྟེན༌པ༌གུན༌ལ༌ ཁྲིམས༌ཅད༌ད༌ ཛད༌ཁན༌བོའེ༌ དྲང༌པོ༌ ཅི༌ མི༌ཛད༌?"
26 ཡ༌ཝའེ༌ ལན༌སལས༌, "གལ༌ཏེས༌ སོ༌དོམ༌མི༌ ནང༌ང༌ ངའ༌ མི༌ དྲང༌པོ༌ 50 ཐོབ༌ན༌, ངའེ༌ གྱལ༌ས༌ གང༌པོའ༌ ཁོང༌གུན༌ནི༌ ཏོན༌ལ༌ ཤགས༌པ༌ ཏང༌ཨིན༌།
27 ཏེ༌ནེ༌ ཨབ༌ར༌ཧམ༌མི༌ ཡང༌སྐྱར༌ ཟེརས༌, "ཧམ༌པ༌ ཅོས༌ཏེ༌ ཡ༌ཝའ༌ ཟེར༌ཁན༌ ངའ༌ ཐལ༌བ༌ དང༌ གོག༌ཐལ༌ ཙོགས༌ ཨིན༌, 28 གལ༌ཏེས༌ དྲང༌པོ༌གུན༌ནི༌ ཀྲངས༌ཀ༌ 50 མན༌པ༌ 45 ཡོད༌ན༌ ཅི༌ ཉེ༌རང༌ངི༌ མི༌ ལྔ༌ ཉུ༌ངུན༌ ཡོད༌ཅེས༌པའེ༌ གྱལ༌ས༌ གང༌པོ༌ མེད༌ཁན༌ ཛད༌ཨིན༌ན༌?"
ཡ༌ཝའེ༌ ལན༌སལས༌ "གལ༌ཏེས༌ ངའ༌ དྲང༌པོ༌ མི༌ 45 ཐོབ༌ན༌ ངའེ༌ གྱལ༌ས༌ མེད༌ཁན༌ མི༌ཅོ༌།
29 ཨབ༌ར༌ཧམ༌མི༌ ཡང༌སྐྱར༌ ཟེརས༌, "གལ༌ཏེས༌ 40 མ༌ནེ༌ མེད༌ན༌?"
ཡ༌ཝའེ༌ མོལས༌, "40 ཏོན༌ལ༌ ངའེ༌ གྱལ༌ས༌ མེད༌ཁན༌ མི༌ཅོ༌།"
30 ཨབ༌ར༌ཧམ༌མི༌ ཟེརས༌, "གཙོ༌བོ༌ལེ༌ ངའེ༌ ཟེར༌ཅེས༌ཅན༌བོའ༌ ཇུ༌ཇུ༌ ཐུགས༌སྲོ༌ མ༌སྐྱོད༌, གལ༌ཏེས༌ 30 མ༌ནེ༌ མེད༌ན༌?"
ཁོང༌ངི༌ མོལས༌, "གལ༌ཏེས༌ 30 ཐོབ༌ན༌ ངའེ༌ གྱལ༌ས༌ མེད༌ཁན༌ མི༌ཅོ༌།
31 ཨབ༌ར༌ཧམ༌མི༌ ཟེརས༌, "གཙོ༌བོ༌ལེ༌ ཇུ༌ཇུ༌ ངའེ༌ ཧམ༌པ༌ ཅོ༌ཅེས༌པོའ༌ གོངས༌པ༌ སལ༌, གལ༌ཏེས༌ 20 མ༌ནེ༌ མེད༌ན༌?"
ཁོང༌ངི༌ མོལས༌, "20 ཏོན༌ལ༌ ངའེ༌ གྱལ༌ས༌ མེད༌ཁན༌ མི༌ཅོ༌།"
32 ཏེ༌ནེ༌ ཨབ༌ར༌ཧམ༌མི༌ ཟེརས༌, "ཇུ༌ཇུ༌ ཐུགས༌སྲོ༌ མ༌སྐྱོད༌ད༌ ངའ༌ ཡང༌ ལན༌ཅིག༌ ཟེར༌ཅུག༌, གལ༌ཏེས༌ 10 མ༌ནེ༌ མེད༌ན༌?"
ཁོང༌ངི༌ མོལས༌, "10 ཏོན༌ལ༌ ངའེ༌ གྱལ༌ས༌ མེད༌ཁན༌ མི༌ཅོ༌།" 33 ཡ༌ཝའེ༌ ཨབ༌ར༌ཧམ༌ ཉམ༌པོ༌ ཞལ༌ཏ༌ མོལ༌ ཚར༌ཏེ༌ སྟིང༌ནེ༌ ཁོང༌ སྐྱོད༌ད༌ ཛདས༌ ཡང༌ ཨབ༌ར༌ཧམ༌ ཁོ༌རང༌ངི༌ ཀུར༌ལ༌ ལོགས༌ཏེ༌ སོང༌།