7
ཡེ༌ཤུ༌ དང༌ ཁོང༌ངི༌ ནོ༌གུན༌།
7:1 ནེ༌ 13
1 ཏེ༌ སྟིང༌ནེ༌ གཙོ༌བོ༌ ཡེ༌ཤུ༌ གཱ༌ལིལ༌ལི༌ ཡུལ༌ཇོངས༌སི༌ ནས༌ས༌ མང༌པོའེ༌ ནང༌ང༌ སྐྱོདས༌། ཁོང༌ ཡ༌ཧུ༌དཱའེ༌ ཡུལ༌ཇོངས༌སི༌ ནང༌ང༌ སྐྱོད༌ཉིན༌ མེད༌པིན༌, ཅིའ༌ཞུ༌ན༌ ཏེ༌རུ༌ ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ནི༌ ཁོང༌ སད༌ཅེས༌སི༌ སྐབས༌ ཙལ༌ལད༌པིན༌། 2 ཚེ༌ལེ༌ ནང༌ང༌ དུག༌ཅེས༌སི༌ ཡ༌ཧུ༌དཱ༌པའེ༌ ཏུས༌ཆེན༌ ཉེ༌མོ༌ ཡོད༌པིན༌། 3 ཡེ༌ཤུའི༌ ནོ༌གུན༌ནི༌ ཡེ༌ཤུའ༌ ཟེརས༌, "འི༌ནེ༌ བིང༌ཏེ༌ ཡ༌ཧུ༌དཱའེ༌ ཡུལ༌ཇོངས༌ལ༌ སྐྱོད༌, ཏེ༌ནེ༌ ཏེ༌རུ༌ ཡོད༌ཁན༌ནི༌ ལོབ༌ཕྲུགས༌གུན༌ནིའང༌ ཉེ༌རང༌ངི༌ ཧ༌ལས༌ཤེས༌སི༌ ཛད༌པ༌གུན༌ ཐོང༌ཉན༌ཨིན༌། 4 མིང༌ཅན༌ གྱུར༌ཅེས༌སི༌ དོད༌པ༌ ཡོད༌ཁན༌གུན༌ནི༌ ཨིབས༌ཏེ༌ ལས༌ ཅོའ༌ མ༌ནོག༌། གལ༌ཏེས༌ ཉེ༌རང༌ང༌ འི༌ཟུག༌ ཛད༌པ༌གུན༌ ཛད༌ཉན༌ནད༌ན༌ ཇིག༌རྟེན༌ གང༌པོའ༌ སྔོན༌ ཅུག༌གའང༌།" 5 ཁོང༌ངི༌ ནོ༌གུན༌ནིའང༌ ཁོང༌ངི༌ཀ༌ ཏད༌པ༌ མ༌ཅོས༌།
6 ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "ཁྱོ༌ཞ༌གུན༌ ཡེ༌རུ༌ཤ༌ལེམ༌མི༌ ནང༌ང༌ ནམ༌ ཆ༌ནའང༌ གྲིག༌ག༌ནོག༌, ཨིན༌ནའང༌ ངའེ༌ ཏུས༌པོ༌ ཏ༌རུང༌ མ༌ལེབ༌བ༌ཨིན༌། 7 ཁྱོ༌ཞ༌གུན༌ལ༌ ཇིག༌རྟེན༌པ༌ ཏད༌པ༌ མེད༌ཁན༌གུན༌ནི༌ ནཕ༌རད༌ མི༌ཅོ༌, ཨིན༌ནའང༌ ངའ༌ ནཕ༌རད༌ ཅོའ༌ནོག༌, ཅིའ༌ཟེར༌ན༌ ངའེ༌ ཁོང༌གུན༌ནི༌ ལས༌ ངན༌པ༌གུན༌ནི༌ སྐོར༌ལ༌ སྤང༌པོ༌ ཏང༌ངད༌། 8 ཁྱོ༌ཞ༌གུན༌ ཏུས༌ཆེན༌ལ༌ སོང༌ཤིག༌, ང༌ མི༌ཆ༌ ཅིའ༌ཟེར༌ན༌ ངའེ༌ ཏུས༌ ཏ༌རུང༌ མ༌ལེབ༌བ༌ཨིན༌།" 9 ཏེ༌བོ༌ མོལ༌ཏེ༌ ཡེ༌ཤུ༌ གཱ༌ལིལ༌ལིའི༌ ཡུལ༌ཇོངས༌ལ༌ ཞུགས༌ས༌ ཛདས༌། 10 ཨིན༌ནའང༌ ཁོང༌ངི༌ ནོ༌གུན༌ ཏུས༌ཆེན༌ལ༌ སོང༌ཏེ༌ སྟིང༌ནེ༌, སུའང༌ ཤེས༌ མ༌ཤུག༌ག༌ ཨིབས༌ཏེ༌ ཁོང༌ངའང༌ ཡེ༌རུ༌ཤ༌ལེམ༌མི༌ ནང༌ང༌ ཏུས༌ཆེན༌ལ༌ སྐྱོདས༌། 11 ཏེ༌རུ༌ ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ནི༌ ཏུས༌ཆེན༌ནི༌ ཏུས༌ལ༌, "ཁོ༌ ཀ༌ནེ༌ དུག༌" ཟེར༌ཨིན༌ ཙལ༌ལད༌པིན༌། 12 ཏེ༌རུ༌ མི༌ཚོགས༌སི༌ ནང༌ང༌ ཁོང༌ངི༌ སྐོར༌ལ༌ ཤབ༌ཤུབ༌ ཏངས༌ཏེ༌ ཁ༌ཅིག༌གི༌, "ཁོང༌ ཟང༌པོ༌ ཨིན༌ནོག༌" ཡང༌ ཁ༌ཅིག༌གི༌, "ཁོའེ༌ མི༌གུན༌ལ༌ གོབ༌སྐོར༌ཏེ༌ ཨིན༌ནོག༌" ཟེརས༌། 13 ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ལ༌ ཇིགས༌ པ༌སང༌, སུ༌ཞིག༌གིའང༌ ཁོང༌ང༌ སྟོད༌པ༌ ཚང༌མའེ༌ དུན༌ལ༌ ཏང༌ང༌ མེད༌པིན༌།
ཡེ༌ཤུའི༌ ཆོད༌ཁང༌ངི༌ ནང༌ང༌ ལབ༌ཞ༌ སལས༌།
7:14 ནེ༌ 24
14 ཏུས༌ཆེན༌ རྩི༌ཅེས༌སི༌ ཏུས༌ ཕེད༌ ཟོད༌ཅིག༌ག༌, གཙོ༌བོ༌ ཡེ༌ཤུ༌ ཀེན༌ལ༌ ཆོད༌ཁང༌ང༌ སྐྱོད༌ཏེ༌ ལབ༌ཞ༌ སལ༌ཅེས༌ གོ༌ཟུག༌ ཛདས༌། 15 ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ ཧ༌ལས༌ཏེ༌ ཟེརས༌, "ལོབ༌ཇོང༌ མ༌ནེ༌ མ༌ཐོབ༌ཁན༌ འི༌ མི༌བོ༌ འི༌ཟམ༌ ཡོན༌ཏན༌ཅན༌ཞིག༌ ཀ༌ཟུག༌ག༌ ཨིན༌ནོག༌།"
16 ཡེ༌ཤུའི༌ ལན༌སལས༌, "ངའེ༌ ལབ༌ཞ༌གུན༌ ང༌རང༌ངི༌ མན༌, ང༌ ཀལ༌ལ༌ ཛད༌ཁན༌ནི༌ དཀོན༌མཆོག༌གི༌ ཆོགས༌ནེ༌ ཨིན༌། 17 དཀོན༌མཆོག༌གི༌ ཐུག༌གོངས༌ ནང༌ཞིན༌ གྲུལ༌ལ༌ ཐད༌ཁན༌གུན༌ལ༌, ངའེ༌ ལབ༌ཞ༌གུན༌ དཀོན༌མཆོག༌གི༌ ཆོགས༌ནེ༌ ཨིན༌ནོག༌ག༌ ཡ༌ ང༌ ང༌རང༌ངི༌ ཆོགས༌ནེ༌ ཨིན༌ཁན༌བོ༌ ཧ༌གོའ༌ནོག༌། 18 ཁོ༌རང༌ངི༌ ཝང༌ཆའེ༌ ནང༌ང༌ ཟེར༌ཁན༌བོའེ༌ རང༌སྟོད༌ ཙལ༌ཏེ༌ ཨིན༌ནོག༌, ཨིན༌ནའང༌ ཁོ༌ ཀལ༌ལ༌ ཛད༌ཁན༌བོའ༌ རྩི༌ཝ༌ ཙལ༌ཁན༌བོའེ༌ ཟུན༌ མ༌ཏང༌ང༌ དྲང༌པོ༌ ཟེར༌ར༌ནོག༌། 19 ཁྱོ༌ཞའེ༌ ཕ༌མེས༌པོ༌གུན༌ལ༌ མོ༌ཟེས༌སི༌ བཀའ༌ཁྲིམས༌གུན༌ སལ༌ཏེ༌ མན༌པིན༌ན༌? ཨིན༌ནའང༌ ཁྱོ༌ཞའ༌ སུ༌ཞིག༌གིའང༌ ཏེ༌བོའ༌ ཁའ༌ མ༌ཉནས༌། ཁྱོ༌ཞ༌གུན༌ནི༌ ཅིའ༌ ང༌ སད༌ཅེས༌སི༌ རྩོན༌གྲུས༌ ཅོའད༌?"
20 མི༌ཚོགས༌སི༌ ལན༌ཏངས༌, "ཁྱོ༌རང༌ངི༌ ནང༌ང༌ རྡུད༌ ཞུགས༌ཏེ༌ ཨིན༌ནོག༌། སུའི༌ ཁྱོ༌རང༌ སད༌ཅེས༌སི༌ རྩོན༌གྲུས༌ ཅོ༌རུག༌?"
21 ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "ངའེ༌ ཧ༌ལས༌ཤེས༌ ཛད༌པ༌ཞིག༌ ཅོས༌པ༌ ཁྱོ༌ཞ༌གུན༌ ཧ༌ལས༌། 22 ཨིན༌ནའང༌ མོ༌ཟེས༌སི༌ སུན༌ནད༌ ཅོས༌ ཟེར༌ཁན༌ ནང༌ཞིན༌ ༼ངོས༌པོའ༌ ཁྱོ༌ཞའེ༌ ཕ༌མེས༌པོ༌གུན༌ནི༌ མོ༌ཟེས༌སི༌ སང༌ སྔུན༌ལ༌ ཏེ༌ ཚིར༌བོ༌ གོ༌ཟུགས༌ཏེ༌ ཨིན༌པིན༌༽, ཁྱོ༌ཞ༌གུན༌ནི༌ ཤབ༌བད༌དི༌ ངལ༌ཚོའེ༌ ཞག༌ག༌ ཕྲུ༌གུ༌ བུ༌ཚ༌གུན༌ལ༌ སུན༌ནད༌ ཅོ༌རུག༌། 23 ཏ༌ ཁྱོ༌ཞ༌གུན༌ནི༌ མོ༌ཟེས༌སི༌ བཀའ༌ཁྲིམས༌པོ༌ ཅག༌ མི༌ཅག༌ཅེས༌སི༌ ཕིའ༌, གལ༌ཏེས༌ ཤབ༌བད༌དི༌ ཞག༌ག༌ ཁྱོ༌ཞ༌གུན༌ནི༌ རང༌རང༌ངི༌ ཕྲུ༌གུ༌ བུ༌ཚའ༌ སུན༌ནད༌ ཅོ༌ཅུག༌ ཉན༌ནད༌ན༌, ཏེ༌ནེ༌ ཤབ༌བད༌དི༌ ངལ༌ཚོའེ༌ ཞག༌ག༌ ངའེ༌ མི༌ཞིག༌ ནད༌ནེ༌ ཕན༌ཅུག༌ན༌ ཁྱོ༌ཞ༌གུན༌ལ༌ ངའེ༌ཀ༌ ཅིའ༌ སྲོ༌ ཡོང༌ང༌རག༌། 24 མིའི༌ སམ༌ཚུལ༌ནེ༌ ཐག༌མ༌ཅད༌ད༌ དྲང༌པོའེ༌ ཐག༌ཅད༌ ཅོ༌ཤིག༌།"
ཡེ༌ཤུ༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀ༌ ཨིན༌ནོག༌ག༌?
7:25 ནེ༌ 44
25 ཡེ༌རུ༌ཤ༌ལེམ༌པ༌ ཁ༌ཅིག༌གི༌ ཏྲི༌ཅེས༌ གོ༌ཟུགས༌, "ཁོང༌གུན༌ནི༌ སད༌ཅེས༌སི༌ རྩོན༌གྲུས༌ ཅོ༌ཁན༌ནི༌ མི༌བོ༌ འིན༌ན༌བོ༌ མ༌ནོག༌ག༌? 26 ལྟོས༌ཤིག༌གའང༌ ཁོའེ༌ ང༌དང༌ ཚང༌མའེ༌ དུན༌ལ༌ སྔོན༌ཏེ༌ ལབ༌ཞ༌ ཏང༌ང༌ལ༌, ཡང༌ འུ༌སྐྱོང༌གུན༌ནི༌ ཁོང༌ངི༌ གྱབ༌གལ༌ལ༌ ཅའང༌ ཟེར༌ར༌ མི༌དུག༌། ཅི༌ ཁོང༌གུན༌ནི༌ ཁོ༌ མ༌ཤི༌ཀ༌ ཨིན༌ནོག༌ ཟེར༌ཏེ༌ ཏད༌པ༌ ཅོས༌ཏེ༌ ཨིན༌ན༌ཧེ༌? 27 འི༌ མི༌ ཀ༌ནེ༌ ཨིན༌ ང༌ཞའ༌ གྱུས༌ཡོད༌, ཨིན༌ནའང༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀ༌ སྐྱོད༌ད༌ཅིག༌ ཁོང༌ ཀ༌ནེ༌ ཨིན༌ སུའང༌ གྱུས༌ མི༌ཆ༌།"
28 གཙོ༌བོ༌ ཡེ༌ཤུའི༌ ཆོད༌ཁང༌ངི༌ ནང༌ང༌ ལབ༌ཞ༌ སལ༌ ཟ༌ནེ༌ ཤེད༌ ནང༌ མོལས༌, "ཁྱོ༌ཞ༌གུན༌ནི༌ དེན༌བ༌ ང༌ ཤེས༌སད༌ད༌? ཡང༌ ང༌ ཀ༌ནེ༌ ཨིན༌ དེན༌བ༌ གྱུས༌ཡོད༌ད༌? ངའ༌ ང༌རང༌ངི༌ ཝང༌ཆའེ༌ ནང༌ང༌ འི༌རུ༌ མ༌ཡོངས༌པིན༌ ཨིན༌ནའང༌ ང༌ ཀལ༌ལ༌ ཛད༌ཁན༌བོ༌ ཏན༌ཏན༌ ཨིན༌, ཁྱོ༌ཞ༌གུན༌ནི༌ ཁོང༌ ཤེས༌ས༌ མ༌ནོག༌། 29 ངའེ༌ ཁོང༌ ཤེས༌སད༌ ཅིའ༌ཟེར༌ན༌ ང༌ ཁོང༌ངི༌ ཆོགས༌ནེ༌ ཡོངས༌ཏེ༌ ཨིན༌ ཡང༌ ཁོང༌ངི༌ ང༌ ཀལ༌ལ༌ ཛད༌ཏེ༌ ཨིན༌།" 30 ཏེ༌བོ༌ ཚོར༌ར༌ཅིག༌ འུ༌སྐྱོང༌གུན༌ནི༌ ཁོང༌ ཟུམ༌ཅེས༌སི༌ རྩོན༌གྲུས༌ ཅོས༌, ཨིན༌ནའང༌ སུ༌ཞིག༌གིའང༌ ཁོང༌ང༌ ལག༌པ༌ མ༌རྩེས༌ ཅིའ༌ཟེར༌ན༌ ཁོང༌ངི༌ ཏུས༌པོ༌ ཏ༌རུང༌ མ༌ལེབ༌བ༌ ཨིན༌པིན༌།
31 ཨིན༌ནའང༌ མི༌ཚོགས༌སི༌ ཕྲོ༌ནེ༌ མང༌པོའེ༌ ཁོང༌ངི༌ཀ༌ ཏད༌པ༌ ཅོས༌ཏེ༌ ཟེརས༌, "ཅི༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀ༌ སྐྱོད༌ད༌ཅིག༌ འི༌ མི༌བོའེ༌ སང༌ མང༌ང༌ ཧ༌ལས༌ཤེས༌སི༌ ལྟས༌གུན༌ ལྟན༌ཨིན༌ན༌ཧེ༌?"
32 མི༌ཚོགས༌སི༌ ཡེ༌ཤུའི༌ སྐོར༌ལ༌ ཏེ༌ཟུག༌ ཤབ༌ཤུབ༌ ཏང༌ཅེས༌པོ༌ ཕ༌རུ༌ཤི༌པ༌གུན༌ནི༌ ཚོར༌ར༌ཅིག༌, ཁོང༌གུན༌ དང༌ བླ༌མ༌ འུ༌སྐྱོང༌གུན༌ནི༌ ཆོད༌ཁང༌ སྲུང༌ཁན༌ནི༌ མག༌མི༌གུན༌ ཁོང༌ ཟུམས༌ཏེ༌ ཁྱོང༌ཅེས༌ལ༌ ཀལས༌། 33 ཡེ༌ཤུའི༌ མི༌གུན༌ལ༌ མོལས༌, "ཏུས༌ ཉུ༌ངུན༌ཞིག༌ ང༌ ཁྱོ༌ཞ༌གུན༌ ཉམ༌པོ༌ ཡོད༌, ཏེ༌ནེ༌ ང༌ ཀལ༌ལ༌ ཛད༌ཁན༌ནི༌ཀ༌ ལོགས༌ཏེ༌ ཆའད༌། 34 ཁྱོ༌ཞ༌གུན༌ནི༌ ང༌ ཙལ༌ཨིན༌, ཨིན༌ནའང༌ ང༌ མི༌ཐོབ༌, ཡང༌ ང༌ ཡོད༌ས༌ ཁྱོ༌ཞའ༌ ཡོང༌ མི༌ཉན༌།"
35 ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ནི༌ ཅིག༌ དང༌ ཅིག༌ག༌ ཟེརས༌, "ང༌དང༌གུན༌ནི༌ ཙལ༌ མི༌ཉན༌ཅེས༌ འི༌ མི༌བོ༌ ཀ༌རུ༌ ཆེན༌ ཟེར༌ཏེ༌ ཨིན༌ནོག༌། ཅི༌ ཁོ༌ གིརིས༌པ༌གུན༌ནི༌ ཕྲོའ༌ ཡན༌ཏེ༌ ཡོད༌ཁན༌ནི༌ ང༌དང༌ངི༌ མི༌གུན༌ ཡོད༌ས༌ སོང༌ཏེ༌ གིརིས༌པ༌གུན༌ལ༌ ལབ༌ཞ༌ ཏང༌ཨིན༌ སམ༌ཏེ༌ ཨིན༌ནོག༌ག༌? 36 ཁོའེ༌ 'ཁྱོ༌ཞ༌གུན༌ནི༌ ང༌ ཙལ༌ཨིན༌, ཨིན༌ནའང༌ ང༌ མི༌ཐོབ༌, ཡང༌ ང༌ ཡོད༌ས༌ ཁྱོ༌ཞའ༌ ཡོང༌ མི༌ཉན༌' ཟེར༌ཅེས༌སི༌ ཏོན༌བོ༌ ཅི༌ ཨིན༌ ཧེ༌?"
37 ཏུས༌ཆེན༌ནི༌ སྟིང༌ཇུག༌གི༌ ཞག༌, ཚང༌མའེ༌ སང༌ རྩད༌ཅན༌ནི༌ ཞག༌ག༌ ཡེ༌ཤུའི༌ ཞངས༌ཏེ༌ ཀུ༌ཅོ༌ སལ༌ཨིན༌ མོལས༌, "སྐོམས༌ཁན༌གུན༌ ངའེ༌ཀ༌ ཡོང༌ཤིག༌, 38 ཡང༌ ངའེ༌ཀ༌ ཏད༌པ༌ ཅོ༌ཁན༌གུན༌ ཡོངས༌ཏེ༌ ཐུང༌ཤིག༌, ཀ༌ཟུག༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ མོལ༌ལ༌ནག༌, 'ཏད༌པ༌ ཅོ༌ཁན༌ནི༌ སེམས༌སི༌ ནང༌ནེ༌ ཚེ༌ ཏང༌ཁན༌ནི༌ ཆུའི༌ ལྩངས༌པོ༌གུན༌ གྱུག༌ཨིན༌།' " 39 ༼ཚེ༌ ཏང༌ཁན༌ནི༌ ཆུ༌བོ༌ ནི༌ དམ༌པའེ༌ ཐུག༌ཉིད༌ ཨིན༌, ཀ༌བོ༌ ཁོང༌ངི༌ཀ༌ ཏད༌པ༌ ཁྱོང༌ཁན༌གུན༌ལ༌ སྟིང༌ནེ༌ ཐོབ༌ཅེས༌ ཨིན༌པིན༌, ཨིན༌ནའང༌ ཏེ༌ཏུས༌ ཚག༌པ༌ དམ༌པའེ༌ ཐུག༌ཉིད༌ སལ༌ལ༌ མ༌ཛད༌ད༌ ཨིན༌པིན༌, ཅིའ༌ཟེར༌ན༌ ཏ༌རུང༌ ཡེ༌ཤུ༌ སྟག༌ག༌ ཛད༌ཏེ༌ ཁོང༌ང༌ སྤལ༌ མ༌ཐོབ༌བ༌ ཨིན༌པིན༌༽།
40 ཏེ༌ སྤེ༌ར༌གུན༌ ཚོར༌ཏེ༌ ཁ༌ཅིག༌གི༌ ཟེརས༌, "ཏན༌ཏན༌ འི༌ མི༌བོ༌ དཀོན༌མཆོག༌གི༌ ལུང༌སྟོན༌པ༌ སྐྱོད༌ཅེས༌ཅན༌བོ༌ ཨིན༌ནོག༌ ཀ༌བོའ༌ ང༌དང༌གུན༌ སྲུངས༌ཏེ༌ ཡོད༌པིན༌།" 41 ཡང༌ ཁ༌ཅིག༌གི༌ ཟེརས༌, "ཁོང༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀ༌ ཨིན༌ནོག༌" ཞན༌ ཁ༌ཅིག༌གི༌, "གཱ༌ལིལ༌ལི༌པ༌ཞིག༌ མ༌ཤི༌ཀ༌ ཀ༌ཟུག༌གི༌ ཨིན༌ ཐུབ༌ཨིན༌? མ༌ནེ༌ མི༌ཐུབ༌། 42 དམ༌པའེ༌ སུང༌རབས༌སི༌ ནང༌ང༌ མོལ༌ཏེ༌ མི༌དུག༌ག༌? མ༌ཤི༌ཀ༌ གྱལ༌པོ༌ དཱ༌བིད༌དི༌ པུར༌གྱུད༌ ཡང༌ གྱལ༌པོ༌ དཱ༌བིད༌ སྐྱེས༌སའེ༌ ཡུལ༌ བེད༌ལེ༌ཧེམ༌མི༌ གྲོང༌ཁྱེར༌ནེ༌ བིང༌ཨིན༌།" 43 ཏེན༌ན༌བོའེ༌ཕིའ༌ ཡེ༌ཤུའི༌ ཞས༌ཏེ༌ མི༌ཚོགས༌སི༌ ནང༌ང༌ པོ༌ མང༌པོ༌ བུད༌། 44 ཁ༌ཅིག༌གི༌ ཁོང༌ ཟུམ༌ཅེས༌སི༌ དོད༌པ༌ བོར༌རད༌པིན༌, ཨིན༌ནའང༌ སུ༌ཞིག༌གིའང༌ ཁོང༌ང༌ ལག༌པ༌ མ༌རྩེས༌།
ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌ ཁ༌ཅིག༌གི༌ ཡེ༌ཤུའི༌ཀ༌ ཏད༌པ༌ ཁྱོངས༌།
7:45 ནེ༌ 53
45 ཆོད༌ཁང༌ སྲུང༌ཁན༌ནི༌ མག༌མི༌གུན༌, ཕ༌རུ༌ཤི༌པ༌ དང༌ བླ༌མ༌ འུ༌སྐྱོང༌ གུན༌ནི༌ཀ༌ ལོགས༌ཏེ༌ ལེབ༌བ༌ཅིག༌, ཁོང༌གུན༌ནི༌ མག༌མི༌གུན༌ལ༌ ཏྲིས༌, "ཁྱོ༌ཞ༌གུན༌ནི༌ ཁོ༌ ཟུམས༌ཏེ༌ ཅིའ༌ མ༌ཁྱོངས༌པིན༌?"
46 མག༌མི༌གུན༌ནི༌ ལན༌ཏངས༌, "ང༌ཞའ༌ འི༌ཙོགས༌སི༌ ལབ༌ཞ༌ སལ༌ཁན༌ཞིག༌ མ༌ནེ༌ མ༌ཐོང༌།"
47 ཏེ༌ནེ༌ ཕ༌རུ༌ཤི༌པ༌གུན༌ནི༌ ཟེརས༌, "ཁྱོ༌རང༌གུན༌ནའང༌ ཁོའེ༌ གོབ༌སྐོར༌རི༌ ནང༌ང༌ ཡོངས༌ཏེ༌ ཨིན༌ན༌? 48 ཝང༌སྲུལ༌པ༌གུན༌ དང༌ ཕ༌རུ༌ཤི༌པ༌གུན༌ནི༌ ནང༌ནེ༌ ཅིག༌གིའང༌ ཁོའེ༌ཀ༌ ཏད༌པ༌ ཅོས༌ས༌? 49 མ༌ཅོས༌། ཨིན༌ནའང༌ བཀའ༌ཁྲིམས༌སི༌ སྐོར༌ལ༌ ཅའང༌ གྱུས༌ མེད༌ཁན༌ནི༌ འི༌ མི༌ཚོགས༌པོའེ༌ ཁོའེ༌ཀ༌ ཏད༌པ༌ ཅོས༌། ཁོང༌གུན༌ལ༌ ངན༌ ཕོག༌ཏེ༌ ཨིན༌ནོག༌།"
50 ཁོང༌གུན༌ནི༌ ཕྲོ༌པ༌ ཕ༌རུ༌ཤི༌པ༌ ནི༌ཀོ༌དེ༌མས༌ ཀ༌བོ༌ སྔུན༌ལ༌ ཡེ༌ཤུའ༌ ཏྲི༌ཝ༌ ཏྲིའ༌ལ༌ སོང༌ཏེ༌ ཨིན༌པིན༌, ཁོའེ༌ ཁོང༌གུན༌ལ༌ ཏྲིས༌, 51 "ང༌དང༌ངི༌ བཀའ༌ཁྲིམས༌ ནང༌ཞིན༌ སྔུན༌ལ༌ མི༌ཞིག༌ག༌ ཁོའེ༌ ཅོས༌ཁན༌ནི༌ སྐོར༌ལ༌ ཉན༌ཏེ༌ མ༌ནེ༌ ཁོའ༌ ཁྲིམས༌ཅད༌ མི༌ཉན༌ ཟེར༌ཏེ༌ མི༌དུག༌ག༌?"
52 ཁོང༌གུན༌ནི༌ ཟེརས༌, "ཅི༌ ཁྱོ༌རང༌ངའང༌ གཱ༌ལིལ༌ལི༌པ༌ ཨིན༌ན༌? དམ༌པའེ༌ སུང༌རབས༌སི༌ ནང༌ང༌ ཙལ༌ན༌ ཁྱོ༌རང༌ང༌ གཱ༌ལིལ༌ལི༌ནེ༌ ལུང༌སྟོན༌པ༌ཞིག༌ བིང༌ཁན༌བོ༌ མ༌ནེ༌ མི༌ཐོབ༌།"
53 ༼* 7:53 གིརིས༌སི༌ སྤེ༌ཆ༌ སྙིང༌པ༌ མང༌པོའེ༌ ནང༌ང༌ 7:53 ནེ༌ 8:11 ཚོག༌པ༌ བྲིས༌ཏེ༌ མེད༌ཏེ༌ ཨིན༌ནོག༌། བྲིས༌ཏེ༌ ཡོད༌ཁན༌གུན༌ནི༌ ནང༌ང༌ འི༌བོ༌ ཡོ༌ཧཱ༌ནན༌ནི༌ 21:24 སྟིང༌ནེ༌, ཡང༌ ལུ༌ཀའེ༌ 21:38 སྟིང༌ནེ༌ ཐོབ༌དུག༌། ཏེ༌ནེ༌ ཁོང༌ ཚང༌མ༌ ལངས༌ཏེ༌ རང༌རང༌ངི༌ ཁང༌པ༌ སོང༌།༽
*7:53 7:53 གིརིས༌སི༌ སྤེ༌ཆ༌ སྙིང༌པ༌ མང༌པོའེ༌ ནང༌ང༌ 7:53 ནེ༌ 8:11 ཚོག༌པ༌ བྲིས༌ཏེ༌ མེད༌ཏེ༌ ཨིན༌ནོག༌། བྲིས༌ཏེ༌ ཡོད༌ཁན༌གུན༌ནི༌ ནང༌ང༌ འི༌བོ༌ ཡོ༌ཧཱ༌ནན༌ནི༌ 21:24 སྟིང༌ནེ༌, ཡང༌ ལུ༌ཀའེ༌ 21:38 སྟིང༌ནེ༌ ཐོབ༌དུག༌།