15
ཞན༌མའེ༌ ཕན༌ཐོགས༌སི༌ ཕིའ༌ མི༌ཚེ༌ ཕུད༌།
15:1 ནེ༌ 13
1 ང༌དང༌ ཏད༌པའེ༌ ནང༌ང༌ ཤུགས༌ཅན༌ ཡོད༌ཁན༌གུན༌ནི༌, ང༌དང༌རང༌གུན༌ ཐད༌ཅུག༌ཅེས༌ མན༌པ༌, ཏད༌པའེ༌ ནང༌ང༌ འུ༌ཐུགས༌ ཡོད༌ཁན༌གུན༌ནི༌ སྒོས༌དོམ༌མི༌ སྐོར༌ལ༌ སམ༌བ༌ ཏང༌གོ༌ཤེས༌ ཨིན༌ནོག༌། 2 ང༌དང༌གུན༌ནི༌ ཞན༌ སྤུན༌གུན༌ནི༌ ཕན༌ཐོགས༌སི༌ ཕིའ༌ རོགས༌ ཅོས༌ཏེ༌ ཁོང༌གུན༌ གཙོ༌བོའ༌ ཏད༌པ༌ ཅོ༌ཅེས༌སི༌ ནང༌ང༌ ལྡན༌ཅུག༌གོས༌། 3 ཨིད༌ཏུ༌ ཅོ༌ཤིག༌གའང༌, མ༌ཤི༌ཀེའང༌ ཁོང༌རང༌ ཐད༌ཅུག༌ཅེས༌ལ༌ མི༌ཚེ༌ ཕུད༌ད༌ མ༌ཛདས༌། ཀ༌ཟུག༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ མོལ༌ཏེ༌ ཨིན༌ནོག༌, "ཏེ༌ ཚིགས༌, ཀ༌གུན༌ དཀོན༌མཆོག༌ག༌ ཏམ༌ངན༌ ཏང༌ང༌ ཀོལས༌, ཏེ༌གུན༌ ངའེ༌ཀ༌ བབས༌ཏེ༌ ཨིན༌ནོག༌། * 15:3 སུང༌གུར༌རི༌ སྤེ༌ཆའེ༌ 69:9 " 4 ང༌དང༌གུན༌ལ༌ ལབ༌ཅེས༌སི༌ ཕིའ༌ ཏེ༌ ཚང༌མ༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ བྲིའ༌ ཛད༌ཏེ༌ ཨིན༌ནོག༌། དཀོན༌མཆོག༌གི༌ ཞལ༌ཆད༌གུན༌ གྲུབ༌ཅེས༌ལ༌ ང༌དང༌ ཟོད༌པ༌ ཉམ༌པོ༌ སྲུངས༌ཏེ༌ ཡོད༌ ཟ༌ནེ༌, དམ༌པའེ༌ སུང༌རབས༌སི༌ ང༌དང༌ང༌ རེ༌ཝ༌ དང༌ སྤོས༌པ༌ ཏང༌ང༌ནོག༌།
5 སྙིང༌རུས༌ དང༌ སྤོས༌པ༌ སལ༌ལ༌ ཛད༌ཁན༌ནི༌ ཏེན༌ན༌ དཀོན༌མཆོག༌པོའེ༌ ཁྱོ༌ཞ༌གུན༌ ཅིག༌ དང༌ ཅིག༌ ཉམ༌པོ༌ ཐུན༌ཏེ༌ དུག༌ཅེས༌ལ༌ རོགས༌ ཛད༌ཤིག༌, ཀ༌ཟུག༌ མ༌ཤི༌ཀ༌ ཡེ༌ཤུའི༌ གྱབ༌ནེ༌ གྲུལ༌ཁན༌གུན༌ ཡོང༌གོ༌ཤེས༌ ཨིན༌ནོག༌། 6 ཏེ༌ནེ༌ ཁྱོ༌ཞའ༌ ཚང༌མ༌ ཅིག༌གྲིལ༌ སོང༌ཏེ༌ སྐད༌ཅིག༌གི༌ ནང༌ང༌ ང༌དང༌གུན༌ནི༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཡབ༌ དཀོན༌མཆོག༌ག༌ སྟོད༌པ༌ དང༌ སྤལ༌ གུན༌ ཕུལ༌ཉན༌ཨིན༌།
7 མ༌ཤི༌ཀའེ༌ ཁྱོ༌ཞ༌གུན༌ལ༌ གའ༌སུས༌ ཞུའ༌ ཙོགས༌ལ༌, དཀོན༌མཆོག༌གི༌ སྤལ༌ལི༌ ཕིའ༌ ཁྱོ༌ཞ༌གུན༌ནི༌ སྤུན༌ ཚང༌མའ༌ ཡ༌ཕེས༌ མེད༌པ༌ གའ༌སུས༌ ཞུ༌ཤིག༌། 8 ཨིད༌ཏུ༌ ཅོ༌ཤིག༌, དཀོན༌མཆོག༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ཕ༌མེས༌པོ༌གུན༌ལ༌ ཞལ༌ཆད༌ ཛད༌ཁན༌བོའེ༌ ནང༌ང༌ ཨིད༌ཤེས༌ཅན༌ ཞུགས༌ཏེ༌ ཨིན༌ཁན༌བོ༌ ལྟན༌ན༌ ཛད༌ཅེས༌ལ༌, མ༌ཤི༌ཀ༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ཞབ༌སྟོག༌པ༌ཞིག༌གི༌ ཚུལ༌ལ༌ སྐྱོད༌ད༌ ཛདས༌། 9 ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ལ༌ སྙིང༌རྗེའེ༌ ཛད༌ཅེས༌པོའ༌ ཁོང༌གུན༌ནིའང༌ དཀོན༌མཆོག༌ག༌ སྤལ༌ ཕུལ༌ཨིན༌། ཀ༌ཟུག༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ བྲིའ༌ཛད༌ཏེ༌ ཨིན༌ནོག༌,
"ཏེ༌བོའེ༌ཕིའ༌, ངའེ༌ ཉེ༌རང༌ང༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ ཕྲོའ༌ སྟོད༌པ༌ ཕུལ༌ཨིན༌།
ངའེ༌ ཉེ༌རང༌ངི༌ ཚན༌ལ༌ སྟོད༌པའེ༌ ལུ༌ ཕུལ༌ཨིན༌། † 15:9 སུང༌གུར༌རི༌ སྤེ༌ཆའེ༌ 18:49 དང༌ ཤ༌མུ༌ཨེལ༌ལི༌ སྤེ༌ཆ༌ ཉིས༌པའེ༌ 22:50 "
10 དམ༌པའེ༌ སུང༌རབས༌སི༌ ཞན༌ ནས༌ས༌ཞིག༌གི༌ཀ༌ མོལ༌ཏེ༌ དུག༌།
"ཡ༌ཧུ༌དཱ༌པ༌ མན༌ཁན༌, ཁྱོ༌ཞ༌གུན༌ནི༌
ཁོང༌ངི༌ མི༌གུན༌ ཉམ༌པོ༌ གའ༌མོ༌ ཅོ༌ཤིག༌ ‡ 15:10 ཁྲིམས༌སི༌ སྤེ༌ཆ༌ ཉིས༌པའེ༌ 32:43 །"
11 ཡང༌ ཞན༌ ནས༌ས༌ཞིག༌གི༌ཀ༌ མོལ༌ཏེ༌ དུག༌།
"ཁྱོ༌ཞའ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌ ཚང༌མའེ༌ གཙོ༌བོའ༌ སྟོད༌པ༌ ཕུལ༌ཤིག༌།
ཡང༌ ཇིག༌རྟེན༌པ༌ ཚང༌མའེ༌ ཁོང༌ང༌ སྟོད༌པ༌ ཕུལ༌ཤིག༌ § 15:11 སུང༌གུར༌རི༌ སྤེ༌ཆའེ༌ 117:1 །"
12 ཡང༌ ཞན༌ ནས༌ས༌ཞིག༌གི༌ཀ༌ ལུང༌སྟོན༌པ༌ ཡེ༌ཤ༌ཡཱའེ༌ མོལས༌,
"དཱ༌བིད༌དི༌ ཁྲིས༌ ནོར༌སྐལ༌ལ༌ ཐོབ༌ཅེས༌ཅན༌བོ༌ སྐྱོད༌ཨིན༌
ཡང༌ ཁོང༌ངི༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ཀ༌ ཝང༌སྲུལ༌ཨིན༌།
ཏེ༌གུན༌ནི༌ ཁོང༌ངི༌ཀ༌ རེ༌ཝ༌བོ༌ བོར༌ཨིན༌། * 15:12 ཡེ༌ཤ༌ཡཱའེ༌ སྤེ༌ཆའེ༌ 11:10"
13 རེ༌ཝ༌ སལ༌ཁན༌ནི༌ དཀོན༌མཆོག༌གི༌ ཁྱོ༌ཞ༌གུན༌ནི༌ ནང༌ང༌ གའ༌མོ༌ དང༌ ཞི༌དེ༌ སྐང༌ང༌ ཛད༌ཤིག༌, ཅིའ༌ཟེར༌ན༌ ཁྱོ༌ཞའེ༌ ཁོང༌ངི༌ཀ༌ ཨིད༌ཤེས༌ ཅོས༌། ཏེ༌ནེ༌ དམ༌པའེ༌ ཐུག༌ཉིད༌ གྱུད༌ཏེ༌, ཁྱོ༌ཞ༌གུན༌ནི༌ ནང༌ང༌ རེ༌ཝ༌བོ༌ ལུད༌ཏེ༌ ཆེན༌།
པ༌འུ༌ལུའི༌ བྲིའ༌ ཛད༌ཅེས༌སི༌ གྱུན༌ཚན༌།
15:14 ནེ༌ 22
14 ངའེ༌ ཅེས༌པའེ༌ སྤུན༌གུན༌, ཁྱོ༌ཞའ༌ ཟང༌པོའེ༌ གངས༌ཏེ༌ ཡོད༌ཁན༌བོའེ༌ཀ༌ ང༌ ཏན༌ཏན༌ལ༌ ལོ༌ཁྱེལ༌ རག༌། ཁྱོ༌ཞ༌གུན༌ལ༌ ཏེ༌གུན༌ མ༌ གྱལ༌ལ༌ ཅོས༌ཏེ༌ ཤེས༌ པ༌སང༌, ཁྱོ༌ཞ༌གུན༌ནི༌ ཅིག༌ དང༌ ཅིག༌ག༌ ཏེ༌བོའེ༌ སྐོར༌ལ༌ ལབ༌ཉན༌ཨིན༌། 15 ཏེ༌ནེའང༌ ཁྱོ༌ཞའ༌ ཨིད༌ཏུ༌ སྐུལ༌ཅེས༌སི༌ ཕིའ༌, ངའེ༌ སྤེ༌ར༌ ཁ༌ཅིག༌གི༌ སྐོར༌ལ༌ མ༌ ཧམ༌པ༌ ཉམ༌པོ༌ བྲིས༌ཏེ༌ ཨིན༌། ཅིའ༌ཞུ༌ན༌ དཀོན༌མཆོག༌གི༌ ཐུག༌རྗེའེ༌ གྱུད༌ཏེ༌ 16 ང༌, མ༌ཤི༌ཀ༌ ཡེ༌ཤུའི༌ ཞབ༌སྟོག༌པ༌ ཁྱོ༌ཞའ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ ཕིའ༌ དམ༌པའེ༌ ལོན༌ ཁྱོང༌ཁན༌བོ༌ ཨིན༌། ཁྱོ༌ཞ༌གུན༌, དཀོན༌མཆོག༌གི༌ ཐུགས༌ཐད༌ད༌ ཛད༌ཁན༌ནི༌ ཆོད༌པ༌ ཐེའ༌ ཛད༌ཅེས༌ལ༌ གའ༌མོའེ༌ ནས༌ཚུལ༌བོ༌ ཁྱོངས༌པིན༌, ཀ༌གུན༌ དམ༌པའེ༌ ཐུག༌ཉིད༌ གྱུད༌ཏེ༌ དམ༌པ༌ ཅོའ༌ ཛད༌ཏེ༌ ཨིན༌། 17 དཀོན༌མཆོག༌གི༌ ཞབ༌སྟོག༌གི༌ ནང༌ང༌ མ༌ཤི༌ཀ༌ ཡེ༌ཤུའི༌, ང༌ གྱུད༌ཏེ༌, ཛད༌ཁན༌ ཚང༌མའེ༌ ཕིའ༌ ང༌ མ༌ ཐད༌པོ༌ རག༌། 18 ཏེ༌ནེའང༌ མ༌ཤི༌ཀའེ༌, ང༌ གྱུད༌ཏེ༌, ཅོའ༌ ཛད༌ཁན༌གུན༌ནི༌ ཕིའ༌ མན༌པ༌, ཡང༌ ཅི༌ཞིག༌གའང༌ ཕོ༌སོ༌ ཅོ༌ཅེས༌སི༌ ཧམ༌པ༌ ཅོའ༌མེད༌, ཀ༌བོ༌ ངའེ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ ཕྲོའ༌ ལོན༌ དང༌ ལས༌ ཅོ༌ཚུལ༌ གུན༌ གྱུད༌ཏེ༌, ཁོང༌གུན༌ལ༌ དཀོན༌མཆོག༌གི༌ ནང༌ང༌ ཏད༌པ༌ ཅོ༌ཅུག༌ཅེས༌པོ༌ ཨིན༌། 19 ཧ༌ལས༌ཤེས༌སི༌ ལྟས༌གུན༌ དང༌ སྟགས༌གུན༌ནི༌ ཤུགས༌ ཡང༌ དམ༌པའེ༌ ཐུག༌ཉིད༌དི༌ ཤུགས༌ གྱུད༌ཏེ༌, ཁོང༌གུན༌ནི༌ ངའེ༌ ལོན༌ དྲང༌པོ༌ ཨིན༌ཁན༌བོའེ༌ཀ༌ ལོ༌ཁྱེལས༌། ཏེན༌ན༌ ཚུལ༌ལ༌ ངའེ༌ མ༌ཤི༌ཀའེ༌ གའ༌མོའེ༌ ནས༌ཚུལ༌ གང༌པོ༌ ཡེ༌རུ༌ཤ༌ལེམ༌མི༌ གྱལ༌ས༌ནེ༌ ཨི༌ལི༌རི༌ཀམ༌མི༌ གྱལ༌ས༌ ཚོག༌པ༌ ཤད༌པིན༌།
20 ཞན༌མ༌ཞིག༌གི༌ མག༌ལྡན༌ ཏངས༌ཁན༌བོའེ༌ཀ༌ མི༌རྩིག༌ཅེས༌སི༌ ཕིའ༌ ངའེ༌ མ༌ཤི༌ཀའེ༌ ཚན༌ མ༌ནེ༌ མི༌ཚོར༌སའེ༌ ནས༌ས༌གུན༌ནི༌ ནང༌ང༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཅེས༌པོ༌ ནི༌, ཏུས༌གྱུན༌ ངའེ༌ མིག༌ཞི༌ ཨིན༌པིན༌། 21 ཀ༌ཟུག༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ མོལ༌ཏེ༌ དུག༌,
"ཀ༌གུན༌ལ༌ ཁོང༌ངི༌ སྐོར༌ལ༌ མ༌ནེ༌ མ༌ཤདས༌ ཏེ༌གུན༌ནི༌ ཁོང༌ ཇལ༌ཨིན༌
ཡང༌ ཁོང༌ངི༌ སྐོར༌ལ༌ མ༌ནེ༌ མ༌ཚོར༌ཁན༌གུན༌ནི༌ ཧ༌གོ༌ཨིན༌། † 15:21 ཡེ༌ཤ༌ཡཱའེ༌ སྤེ༌ཆའེ༌ 52:15"
22 ཏེན༌ན༌བོའེ༌ཕིའ༌ ང༌ ཁྱོ༌ཞ༌གུན༌ ཡོད༌ས༌ ཡོང༌ཅེས༌པོ༌ གོར༌ཏེ༌ ཨིན༌ནོག༌, ཅིའ༌ཟེར༌ན༌ ང༌ ཏེ༌ ནས༌ས༌གུན༌ནི༌ ནང༌ངའང༌ ཆོས༌ཤད༌གོས༌ཏེ༌ ཨིན༌ནོག༌།
པ༌འུ༌ལུའི༌ རོམ༌མ༌ ཆ༌ཅེས༌སི༌ ཐབས༌ལྡིངས༌།
15:23 ནེ༌ 33
23 ཨིན༌ནའང༌ ཏ༌ ངའེ༌ འི༌ ཡུལ༌ཇོངས༌གུན༌ནི༌ ནང༌ང༌ ལས༌གུན༌ ཅོ༌ཚར༌། ཡང༌ ལོ༌ མང༌པོ༌ཞིག༌ནེ༌ ཕར༌ལ༌ ཁྱོ༌ཞའ༌ ཐུག༌ཅེས༌ལ༌ རིངས༌ཨིན༌ ཡོད༌པ༌, 24 ང༌ སྤེན༌ནི༌ ཡུལ༌ལ༌ ཆ༌ ཟ༌ནེ༌, ཁྱོ༌ཞའ༌ ཐུག༌ག༌ ཡོང༌ཨིན༌། ཏེ༌རུ༌ ཆ༌ ཟ༌ནེ༌ ང༌ ཁྱོ༌ཞའ༌ ཡོད༌ས༌ དུགས༌ཏེ༌ ཁྱོ༌ཞ༌གུན༌ ཉམ༌པོ༌ སྐྱིད༌པོའེ༌ ཏུས༌ཤིག༌ ཕུད༌ཨིན༌། ཡང༌ ངའེ༌ སྤེན༌ལ༌ ཆ༌ཅེས༌སི༌ ཕེས༌སི༌ སྒོས༌དོམ༌གུན༌ནི༌ ནང༌ང༌ ཁྱོ༌ཞའེ༌ རོགས༌ ཅོ༌ཉན༌ཨིན༌།
25 ཨིན༌ནའང༌ ང༌ ཡོང༌ངི༌ སང༌ སྔུན༌ལ༌, ཡེ༌རུ༌ཤ༌ལེམ༌མི༌ ནང༌ང༌ ཡོད༌ཁན༌ནི༌ ཏད༌པ༌ཅན༌གུན༌ལ༌ རོགས༌པོ༌ ཁྱེར༌ར༌ལ༌ ཆ༌གོ༌ཤེས༌ ཡོད༌། 26 མ༌ཀེ༌དོ༌ནི༌ཡཱ༌ དང༌ ཨ༌ཀ༌ཡཱའི༌ ཏད༌པ༌ཅན༌གུན༌, ཡེ༌རུ༌ཤ༌ལེམ༌མི༌ ཏད༌པ༌ཅན༌གུན༌ནི༌ ཕྲོའ༌ ཡོད༌ཁན༌ནི༌ ཉལ༌བ༌ཅན༌གུན༌ལ༌, རོགས༌ ཅོས༌ཏེ༌ པེ༌ནེ༌ ཀལ༌ཅེས༌ལ༌ ཐད༌པོ༌ ཡོད༌ཏེ༌ ཨིན༌ནོག༌། 27 ཁོང༌གུན༌ ཏེ༌ ཅོས༌ཁན༌བོའེ༌ཀ༌ མ༌སྲན༌ཏྲེ༌ ཐད༌པོ༌ ཨིན༌ནོག༌, ངོས༌པོའ༌ ཁོང༌གུན༌ནི༌ ཏེ༌བོ༌ བུ༌ལོན༌ཞིག༌ ཤལ༌གོས༌ཏེ༌ ཨིན༌ནོག༌། གལ༌ཏེས༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌, ཡ༌ཧུ༌དཱ༌པ༌གུན༌ལ༌ དཀོན༌མཆོག༌གི༌ ཅིན༌ལབས༌ ཐོབ༌ཁན༌གུན༌ བགོའད༌ན༌, ཏེ༌ནེ༌ ཁོང༌གུན༌ལ༌ ཡོད༌ཁན༌ནི༌ ནོར༌གུན༌ནའང༌ ཡ༌ཧུ༌དཱ༌པའེ༌ ཏད༌པ༌ཅན༌གུན༌ ཉམ༌པོ༌ བགོ༌གོས༌། 28 ངའེ༌ འི༌ པེ༌ནེ༌ ལྡུས༌ཁན༌བོ༌ ཁོང༌གུན༌ལ༌ ཏངས༌ཏེ༌ ང༌རང༌ངི༌ ཁག༌པོ༌ དྲན༌དྲའ༌ གྲུབ༌ཅུགས༌ཏེ༌ སྟིང༌ནེ༌, སྤེན༌ལ༌ ཆ༌ ཟ༌ནེ༌, ང༌ ཁྱོ༌ཞའ༌ ཐུགས༌ཏེ༌ ཆེན༌། 29 ཡང༌ ངའ༌ ཏན༌ཏན༌ རག༌, ང༌ ཁྱོ༌ཞའ༌ ཡོད༌ས༌ ལེབས༌ཏེ༌ ང༌དང༌གུན༌ ཉམ༌པོ༌ ཡོད༌ཁན༌ནི༌ ཏུས༌པོའ༌ མ༌ཤི༌ཀའེ༌, ཅིན༌ལབས༌ མང༌པོ༌ སལ༌ལ༌ ཛད༌ཨིན༌།
30 ཅེས༌པའེ༌ སྤུན༌གུན༌, ངའེ༌ ཁྱོ༌ཞ༌གུན༌ལ༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ནང༌ང༌ སྤོས༌པ༌ ཏང༌ཨིན༌, ངའེ༌ བར༌དོའི༌ ཏུས༌ལ༌ ངའེ༌ ཕིའ༌ དཀོན༌མཆོག༌ག༌ མོས༌ལམ༌ ཕུལ༌ཅེས༌ལ༌ ཞུ༌ཝ༌ ཕུལ༌ལད༌། དམ༌པའེ༌ ཐུག༌ཉིད༌དི༌ སལ༌ལ༌ ཛད༌ཁན༌ནི༌ ཁྱོ༌ཞ༌གུན༌ནི༌ ཅེས༌པ༌, ངའེ༌ ཕིའ༌ ཡོད༌ཅེས༌པོའེ༌ ཏེ༌བོ༌ ཅོ༌ཤིག༌། 31 ཡ༌ཧུ༌དཱའེ༌ ནང༌ང༌ ཡོད༌ཁན༌ནི༌ ཡ༌ཧུ༌དཱ༌པ༌ ཏད༌པ༌ མེད༌ཁན༌གུན༌ནི༌ ཀ༌ནེ༌ ང༌ སྐྱོབ༌ཅེས༌ལ༌ དཀོན༌མཆོག༌ག༌ མོས༌ལམ༌ ཞུ༌ཤིག༌། ཡང༌ ངའེ༌ ཡེ༌རུ༌ཤ༌ལེམ༌མ༌ ཁྱེར༌ཅེས༌ཅན༌ནི༌ རོགས༌སི༌ པེ༌ནེ༌བོ༌ ཏེ༌རུ༌ ཡོད༌ཁན༌ནི༌ ཏད༌པ༌ཅན༌གུན༌ནི༌ ཐད༌པོ༌ ཉམ༌པོ༌ ལེན༌ཅེས༌ལའང༌ མོས༌ལམ༌ ཞུ༌ཤིག༌། 32 ཏེ༌ནེ༌ དཀོན༌མཆོག༌གི༌ ཐུག༌གོངས༌ ཡོད༌ན༌, ང༌ ཁྱོ༌ཞ༌གུན༌ ཡོད༌ས༌ སེམས༌ཐད༌པོ༌ ཉམ༌པོ༌ ཡོང༌ཨིན༌, ཡང༌ ང༌དང༌གུན༌ནི༌ ཅིག༌ དང༌ ཅིག༌ག༌ སྤོས༌པ༌ ཏང༌ ཐུབ༌ཨིན༌།
33 ཞི༌དེའེ༌ དཀོན༌མཆོག༌ ཁྱོ༌ཞའ༌ ཚང༌མ༌ ཉམ༌པོ༌ ཞུགས༌ཤིག༌, ཨ༌མེན༌།