4
ཟིར༌རྗིད༌ཅན༌ནི༌ དཀོན༌མཆོག༌གི༌ ཞལ༌ཟིགས༌།
4:1 ནེ༌ 11
1 ཏེ༌བོའེ༌ སྟིང༌ནེ༌ ངའེ༌ ནམ༌ཁའེ༌ ནང༌ང༌ ཕེས༌ཏེ༌ ཡོད༌ཁན༌ནི༌ སྒོ༌ཞིག༌ ཐོང༌, ཡང༌ སྔུན༌ལ༌ ཚོར༌ཁན༌ནི༌ ཏུང༌ ཙོགས༌སི༌ སྐད༌པོའེ༌ ངའ༌, "ཀེན༌ལ༌ ཡོང༌, ངའེ༌ ཁྱོ༌རང༌ང༌ སྟིང༌ནེ༌ བྱུང༌གོ༌ཤེས༌ཅན༌གུན༌ ལྟན༌ཨིན༌" མོལ༌ལ༌རག༌། 2 ཏེན༌ན༌མལ༌ལ༌ དཀོན༌མཆོག༌གི༌ ཐུག༌ཉིད༌ ངའེ༌ཀ༌ བབས༌ཏེ༌ ངའེ༌ ནམ༌ཁའེ༌ ནང༌ང༌ ཞུགས༌ཁྲིས༌སི༌ཀ༌ ཞུགས༌ཏེ༌ ཡོད༌ཁན༌བོ༌ ཐོང༌། 3 ཏེ༌ཀ༌ ཞུགས༌ཏེ༌ ཡོད༌ཁན༌བོ༌ མ༌ ལྡང༌ཤན༌: རིན༌ཅན༌ ཡུ༌ དང༌ ཆུ༌རུ༌ ཙོགས༌ དུག༌, ཡང༌ ཏེ༌ ཞུགས༌ཁྲིས༌པོ༌, རྡོའ༌ རིན༌ཅན༌ ལྗང༌ཁུ༌ ཙོགས༌ ལྡང༌ཤན༌ ཟའ༌ཆུ༌ཐུང༌ངི༌ སྐོར༌ཏེ༌ དུག༌། 4 ཏེ༌ ཞུགས༌ཁྲིས༌པོ༌ ཡང༌ ཁྲིས༌ 24 སྐོར༌ཏེ༌ དུག༌, ཏེ༌གུན༌ནི༌ཀ༌ འུ༌སྐྱོང༌ 24 ཞུགས༌ཏེ༌ ཡོད༌ཁན༌གུན༌ནི༌ ནམ༌ཟའ༌ ཀར༌པོ༌ ཡང༌, ཁོང༌གུན༌ནི༌ གོའེ༌ཀ༌ སེར༌རི༌ ཐོར༌ཤོག༌ ནམས༌ཏེ༌ ཐོང༌། 5 ཡང༌ ཏེ༌ ཞུགས༌ཁྲིས༌པོའེ༌ ཀ༌ནེ༌ སྐམ༌ལག༌གི༌ འོད༌ དང༌ བྲུག༌ལྡིར༌ཁན༌ནི༌ སྐད༌ གུན༌ བིང༌དུག༌། ཞུགས༌ཁྲིས༌སི༌ དུན༌ལ༌ ངད༌ཅན༌ བར༌ཨིན༌ ཡོད༌ཁན༌ནི༌ མར༌མེ༌ རྡུན༌ནའང༌ དུག༌, ཀ༌གུན༌ དཀོན༌མཆོག༌གི༌ ཐུག༌ཉིད༌ རྡུན༌བོ༌ ཞུགས༌ཏེ༌ ཨིན༌ནོག༌། 6 ཡང༌ ཏེ༌བོའེ༌ དུན༌ལ༌ ཤེལ༌ལི༌ གྱ༌ཚོ༌ཤིག༌ དུག༌, ཀ༌བོ༌ སལ༌པོ༌ ཁྲ༌སལ༌སལ༌ ཐོང༌དུག༌།
ཏེ༌ ཞུགས༌ཁྲིས༌པོའ༌ སྲོག༌ ཡོད༌ཁན༌ ཞིའི༌ སྐོར༌ཏེ༌ དུག༌, ཏེ༌གུན༌ནི༌ གྱབ༌དུན༌ ཉིས༌ཀོ༌ མིག༌གི༌ གངས༌ཏེ༌ དུག༌། 7 ཏེ༌ སྲོག༌ ཡོད༌ཁན༌ ཏང༌པོ༌བོ༌ སིང༌གེ༌ ཙོགས༌, ཉིས༌པ༌བོ༌ ལང༌ཏོ༌ ཙོགས༌, སུམ༌པ༌བོའེ༌ ལྡོང༌བོ༌ མི༌ ཙོགས༌, ཡང༌ ཞི༌པ༌བོ༌ འུར༌ཁན༌ནི༌ ལག༌ ཙོགས༌ དུག༌། 8 སྲོག༌ ཡོད༌ཁན༌ ཞི༌ཀོའ༌ ཤོག༌པ༌ དྲུག༌དྲུག༌ དུག༌, ཏེ༌ ཤོག༌པ༌གུན༌ནི༌ སྟག༌ཡོག༌ ཚང༌མའ༌ མིག༌གི༌ གངས༌ཏེ༌ དུག༌། ཡང༌ ཉིན༌ཚན༌ མེད༌པ༌ ཆད༌མེད༌ལ༌ ཏེ༌གུན༌ནི༌ ཞུ༌རུག༌,
"དམ༌པ༌, དམ༌པ༌, དམ༌པ༌
གཙོ༌བོ༌ དཀོན༌མཆོག༌ ཀུན༌ཝང༌ ཨིན༌།
སྔུན༌ལ༌ ཞུགས༌ཏེ༌ ཡོད༌ཁན༌, དག༌སའང༌ ཞུགས༌ཏེ༌,
ཡང༌ སྐྱོད༌ཅེས༌ཅན༌ ཨིན༌།"
9 ནམ༌ སྲོག༌ ཡོད༌ཁན༌གུན༌ནི༌ ཞུགས༌ཁྲིས༌སི༌ཀ༌ ཞུགས༌ཁན༌ ཀ༌བོ༌ ཏུས༌གྱུན༌ནེ༌གྱུན༌ ཞུགས༌ས༌ནོག༌ ཁོང༌ང༌ སྟོད༌པ༌, རྩི༌ཝ༌ དང༌, ཐུག༌རྗེ༌ཆེ༌ ཕུལ༌ ཟ༌ནེ༌, 10 འུ༌སྐྱོང༌ 24 བོའེང༌ ཞུགས༌ཁྲིས༌སི༌ཀ༌ ཞུགས༌ཏེ༌ ཡོད༌ཁན༌ ཀ༌བོ༌ ཏུས༌གྱུན༌ནེ༌གྱུན༌ ཞུགས༌ས༌ནོག༌ ཁོང༌ངི༌ དུན༌ལ༌ ཆག༌ཕུལ༌ཨིན༌ ཁོང༌ང༌ ཅོལས༌། ཁོང༌གུན༌ནི༌ རང༌རང༌ངི༌ ཐོར༌ཤོག༌པོ༌ ཞུགས༌ཁྲིས༌སི༌ དུན༌ལ༌ བོར༌ཏེ༌ མོལས༌,
11 "ང༌ཞའེ༌ གཙོ༌བོ༌ དང༌ ང༌ཞའེ༌ དཀོན༌མཆོག༌,
ཉེ༌རང༌ ནི༌ སྤལ༌, རྩི༌ཝ༌ དང༌ ཝང༌ ཐོབ༌ཅེས༌སི༌ འོས༌པ༌,
ཅིའ༌ཟེར༌ན༌ ཉེ༌རང༌ངི༌ ཅི༌ཚང༌མ༌ ཅོའ༌ ཛད༌ཏེ༌
ཉེ༌རང༌ངི༌ ཐུག༌གོངས༌ ནང༌ཞིན༌
ཏེ༌གུན༌ སོན༌པོ༌ ནས༌ཤུག༌ག༌ ཛདས༌།"