4
སྤོན༌བོ༌གུན༌, ཁྱོ༌ཞའེ༌ ཚེ༌ཡོག༌གུན༌ལ༌ འོས༌པ༌ དང༌ གྱལ༌ལ༌ ཅོ༌ཤིག༌, ཅིའ༌ཟེར༌ན༌ ཁྱོ༌ཞ༌གུན༌ལའང༌ ནམ༌ཁའེ༌ ནང༌ང༌ ཞུགས༌ཁན༌ནི༌ སྤོན༌བོ༌ ཡོད༌ཁན༌བོ༌ གྱུས༌ཨིན༌ནོག༌།
མོས༌ལམ༌མི༌ ཕིའ༌ སྤོས༌པ༌།
4:2 ནེ༌ 6
ཁག༌ཅན༌ ཐེས༌ཏེ༌ མོས༌ལམ༌ ཞུ༌ཅེས༌པོ༌ མ༌ནེ༌ ཕང༌ མ༌གོས༌། ཡང༌ མོས༌ལམ༌ ཞུ༌ ཟ༌ནེ༌, ཁྱོ༌ཞའེ༌ སམ༌བ༌ ཅུན༌ཏེ༌ དཀོན༌མཆོག༌ག༌ ཐུག༌རྗེ༌ཆེ༌ ཞུ༌ཤིག༌། གཙོ༌བོའེ༌ ལམ༌ ཕེའ༌ ཛད༌ཏེ༌ མ༌ཤི༌ཀའེ༌ སྐོར༌ལ༌ སང༌ཝའེ༌ ཐབས༌ལྡིངས༌པོ༌ ཤད༌ཉན༌ཅེས༌ལ༌ ང༌ཞའེ༌ ཕིའང༌ མོས༌ལམ༌ ཞུས༌ཤིག༌, ཀ༌བོའེ༌ ཞས༌ཏེ༌ ང༌ ཙོན༌ནི༌ ནང༌ང༌ ཨིན༌། ཡང༌ ང༌ ཏེ༌ ལོན༌བོ༌ སལ༌པོ༌ ཅོས༌ཏེ༌ ཤད༌ ཐུབ༌ཅེས༌ལ༌ མོས༌ལམ༌ ཞུས༌ཤིག༌, སལ༌པོ༌ ཅོས༌ཏེ༌ ཤད༌ཅེས༌པོ༌ ངའེ༌ ཁག༌ ཨིན༌ནོག༌།
ཏད༌པ༌ མེད༌ཁན༌གུན༌ ཉམ༌པོ༌ བྲེལ༌ ཅོ༌ ཟ༌ནེ༌ ཁོང༌གུན༌ ཏད༌པའེ༌ ནང༌ང༌ ཁྱོང༌ཅེས༌ལ༌ སྐབས༌ ཐོབ༌ཁན༌ ཚང༌མ༌ ཤེས༌རབས༌ ཉམ༌པོ༌ ཀོལ༌ཤིག༌། ཁྱོ༌ཞའེ༌ སྤེ༌ར༌ ལྡེ༌མོ༌ དང༌ ཇམ༌པོ༌ ཉམ༌པོ༌ ཏང༌ན༌ ཁྱོ༌ཞའེ༌ ཁོང༌གུན༌ལ༌ ལན༌ ཚང༌མ༌ གྱལ༌ལ༌ ཅོས༌ཏེ༌ ཏང༌ཉན༌ཨིན༌།
སྟིང༌ཇུག༌གི༌ ལབ༌ཞ༌ དང༌ ཇུ༌ ཞུས༌།
4:7 ནེ༌ 18
ཏི༌ཁི༌ཀུས༌སི༌ ངའེ༌ སྐོར༌ལ༌ ནས༌ཚུལ༌ ཚང༌མ༌ ཁྱོ༌ཞ༌གུན༌ལ༌ ཞིབ༌སལ༌ ཅོས༌ཏེ༌ ཤད༌ད༌ནོག༌། ཁོ༌ ནི༌ ངའེ༌ ཅེས༌པ༌ སྤུན༌, ཞབ༌སྟོག༌པ༌ ཡང༌ ངའེ༌ ཕྲོ༌པ༌ གཙོ༌བོའེ༌ ནང༌ང༌ ལོ༌ཁྱེལ༌ཅན༌ ལས༌ ཅོ༌ཁན༌ཞིག༌ ཨིན༌། མིག༌སལ༌ལི༌ ཁྱོ༌ཞ༌གུན༌ལ༌ སྤོས༌པ༌ ཏང༌ཅེས༌ དང༌ ང༌ཞའེ༌ ནས༌ལུག༌གུན༌ ཧ༌གོ༌ ཐུབ༌ཅེས༌སི༌ ཕིའ༌, ངའེ༌ ཁོ༌ ཁྱོ༌ཞ༌གུན༌ ཡོད༌ས༌ ཀལ༌ལད༌། ཁོ༌ ཉམ༌པོ༌ ཨོ༌ནེ༌སི༌མུས༌སའང༌ ཀལ༌ལད༌, ཨོ༌ནེ༌སི༌མུས༌ མ༌ ཨིད༌ཤེས༌ཅན༌ ཞབ༌སྟོག༌པ༌ དང༌ ཅེས༌པ༌ སྤུན༌, ཁྱོ༌ཞ༌རང༌ངི༌ ཕྲོ༌ནེ༌ ཅིག༌ ཨིན༌ནོག༌། ཁོང༌གུན༌ནི༌ ཁྱོ༌ཞའ༌ འི༌རུ༌ བྱུང༌ཨིན༌ ཡོད༌ཁན༌ ཚང༌མའེ༌ སྐོར༌ལ༌ ཤད༌ཨིན༌།
10 ངའེ༌ ཕྲོ༌པ༌ ཙོན༌པ༌ ཨ༌རིས༌ཏར༌ཀུས༌སི༌ ཁྱོ༌ཞ༌གུན༌ལ༌ ཇུ༌ ཞུ༌རུག༌, ཡང༌ མར༌ཀུས༌ བཱར༌ན༌བས༌སི༌ ནོའེང༌ * 4:10 ཨ༌གུ༌ ཡ༌ ཨ༌ནེ༌ བུ༌ཚ༌ ཇུ༌ ཀལ༌དུག༌། ངའེ༌ ཁྱོ༌ཞ༌གུན༌ལ༌ སྔུན༌ལ༌ ལོན༌ ཀལ༌ཁན༌ ཙོགས༌ལ༌, མར༌ཀུས༌ ཁྱོ༌ཞ༌གུན༌ ཡོད༌ས༌ ཡོང༌ན༌ གའ༌སུས༌ ཞུས༌། 11 ཡང༌ ཡེ༌ཤུ༌ ཟེར༌ཁན༌ ཡུས༌ཏུས༌སིའང༌ ཁྱོ༌ཞའ༌ ཇུ༌ ཀལ༌དུག༌། འི༌ཀ༌ ང༌ ཉམ༌པོ༌ དཀོན༌མཆོག༌གི༌ གྱལ༌སྲིད༌དི༌ ཕིའ༌ ལས༌ ཅོ༌ཁན༌གུན༌ནི༌ ཕྲོ༌ནེ༌ ཡ༌ཧུ༌དཱ༌པ༌ ཏད༌པ༌ཅན༌ ཏེན༌ན༌ མི༌ སུམ༌ཀོ༌ མ༌ནེ༌ མེད༌, ཡང༌ ཁོང༌གུན༌ནི༌ ངའ༌ མ༌སྲན༌ཏྲེ༌ སྤོས༌པ༌ ཏང༌དུག༌།
12 ཁྱོ༌ཞའེ༌ ཕྲོ༌པ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཞབ༌སྟོག༌པ༌ ཨེ༌པ༌ཕའ༌རས༌སི༌ ཁྱོ༌ཞ༌གུན༌ལ༌ ཇུ༌ ཀལ༌དུག༌། ཡང༌ ཁོའེ༌ ཁྱོ༌ཞ༌གུན༌ ཏད༌པའེ༌ ནང༌ང༌ ལྡན༌ཁན༌ དང༌ ལོ༌ཁྱེལ༌ གང༌པོ༌ ཉམ༌པོ༌ དཀོན༌མཆོག༌གི༌ ཐུག༌གོངས༌ ཚང༌མའེ༌ ནང༌ང༌ སྟན༌པོ༌ དུག༌ཅེས༌སི༌ ཕིའ༌ ཏུས༌གྱུན༌ སྙིང༌ངི༌ ཐིལ༌ནེ༌ མོས༌ལམ༌ ཞུ༌རུག༌། 13 ཁྱོ༌ཞའ༌, ལ༌འོ༌དི༌ཀིའ༌ དང༌ ཧི༌ཡར༌རི༌པུ༌ལིས༌སི༌ ཏད༌པ༌ཅན༌ གུན༌ནི༌ ཕིའ༌ ཁོའེ༌ སྲན༌ཏྲེ༌ ལས༌ ཅོ༌ཨིན༌ ཡོད༌ཁན༌བོའ༌ ངའེ༌ སྤང༌པོ༌ ཏང༌ངད༌།
14 སྤུན༌ དེ༌མཱས༌ དང༌ ང༌དང༌ངི༌ ཅེས༌པའེ༌ ཨམ༌ཆི༌ ལུ༌ཀ༌ ཉིས༌ཀོའེ༌ ཁྱོ༌ཞ༌གུན༌ལ༌ ཇུ༌ ཀལ༌དུག༌། 15 ལ༌འོ༌དི༌ཀིའ༌ ཡོད༌ཁན༌ནི༌ སྤུན༌གུན༌, ང༌དང༌ངི༌ སྤུན༌མོ༌ ནིམ༌ཕ༌ དང༌ ཁོའེ༌ ཁང༌པའེ༌ ནང༌ང༌ ཚོགས༌ཁན༌ནི༌ ཆོས༌ཚོགས༌ལ༌ ཇུ༌ ཞུ༌རུག༌ ཞུས༌།
16 འི༌ ཨི༌གེ༌བོ༌ ཁྱོ༌ཞ༌གུན༌ནི༌ སིལ༌ཏེ༌ སྟིང༌ནེ༌, ལ༌འོ༌དི༌ཀིའ༌པའེ༌ ཆོས༌ཚོགས༌ལའང༌ སིལ༌ཅེས༌ལ༌ ཏོང༌ཤིག༌། ཡང༌ ལ༌འོ༌དི༌ཀིའ༌པའེ༌ ཆོས༌ཚོགས༌ལ༌ བྲིས༌ཁན༌ནི༌ ཏེ༌ ཨི༌གེ༌བོ༌ ཁྱོ༌ཞ༌གུན༌ནིའང༌ སིལ༌ཤིག༌།
17 གཙོ༌བོའེ༌ སྤུན༌ ཨར༌ཀིབ༌པུས༌སི༌ ལག༌ག༌ སྟད༌ད༌ ཛད༌ཁན༌ནི༌ ལས༌པོ༌ ཁོའ༌ དྲན༌དྲ༌ གྲུབ༌ཅུག༌ཅེས༌ལ༌ ཟེར༌།
18 ཏ༌ ང༌ པ༌འུ༌ལུའི༌ ཨི༌གེ༌ བྲི༌ཁན༌བོའེ༌ ཀ༌ནེ༌ ཉི༌གུ༌ ཁྱོངས༌ཏེ༌ ང༌རང༌ངི༌ ལག༌བྲིས༌སི༌ ནང༌ང༌ ཇུ༌ ཀལ༌ལད༌།
ང༌ ཙོན༌ལ༌ ཡོད༌ཁན༌བོ༌ ཨིད༌ཏུ༌ ཅོས༌ཏེ༌ ངའེ༌ ཕིའ༌ མོས༌ལམ༌ ཞུ༌ཤིག༌།
དཀོན༌མཆོག༌གི༌ ཐུག༌རྗེ༌ ཁྱོ༌ཞ༌གུན༌ལ༌ ཐོབ༌ཤིག༌༎

*4:10 4:10 ཨ༌གུ༌ ཡ༌ ཨ༌ནེ༌ བུ༌ཚ༌