26
ཨག༌རི༌པའེ༌ དུན༌ལ༌ པ༌འུ༌ལུའི༌ ཤགས༌།
26:1 ནེ༌ 32
1 ཏེ༌ནེ༌ གྱལ༌པོ༌ ཨག༌རི༌པའེ༌ པ༌འུ༌ལུའ༌ ཟེརས༌, "ངའེ༌ ཁྱོ༌རང༌ང༌ ཁྱོ༌རང༌ ནོངས༌མེད༌ ཨིན༌ཁན༌ནི༌ སྐོར༌ ཤད༌ཅེས༌སི༌ སྐབས༌ ཏང༌ངད༌།"
པ༌འུ༌ལུའི༌ ལག༌པ༌ ཉམ༌པོ༌ ཐུག༌རྗེ༌ཆེ༌ སྟགས༌ ཅོ༌ཨིན༌ མོལས༌, 2 "གྱལ༌པོ༌ ཨག༌རི༌པ༌, དི༌རིང༌ ཉེ༌རང༌ངི༌ སྐུན༌དུན༌ལ༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ཀལ༌ཁན༌ནི༌ ཉད༌གལ༌ ཚང༌མའེ༌ གྱབ༌གལ༌ལ༌ ང༌རང༌ ནོངས༌མེད༌ ཨིན༌ཁན༌བོ༌ ཤད༌ཉན༌པ༌, ངའ༌ མ༌ སོ༌དེ༌ཅན༌ ཚོར༌ར༌རག༌། 3 ཅིའ༌ཟེར༌ན༌ ཉེ༌རང༌ང༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ལམ༌ ལུག༌སྲོལ༌ དང༌ མི༌ཐུན༌པའེ༌ སྤེ༌ར༌ ཚང༌མའེ༌ སྐོར༌ལ༌ ཐུག༌གྱུས༌ ཨིན༌ནོག༌། ཇུ༌ཇུ༌ ཉེ༌རང༌ངི༌ ངའེ༌ ཟེར༌ཅེས༌ཅན༌གུན༌ལ༌ ཟོད༌པ༌ ཉམ༌པོ༌ ཉན༌ན༌ ཛད༌།"
4 "ང༌རང༌ངི༌ ཡུལ༌ མ༌ཚད༌ ཡེ༌རུ༌ཤ༌ལེམ༌མི༌ ནང༌ངའང༌, ངའེ༌ ཆུང༌ཏུས༌ནེ༌ ཕར༌ལ༌ ང༌རང༌ངི༌ མི༌ཚེ༌ ཀ༌ཟུག༌ ཚུལ༌ལ༌ ཕུད༌ཁན༌བོ༌ ཡ༌ཧུ༌དཱ༌པ༌ ཚང༌མ༌ གྱལ༌ལ༌ ཅོས༌ཏེ༌ གྱུས༌ཡོད༌། 5 ཁོང༌གུན༌ནི༌ ང༌ ཏུས༌ཡུན༌རིང༌ནེ༌ པར༌ལ༌ ཤེས༌ཤེས༌པའེ༌, གལ༌ཏེས༌ ཐད༌དད༌ན༌, ཁོང༌གུན༌ནི༌ ངའེ༌ ང༌དང༌ངི༌ ཆོས༌སི༌ ཚང༌མའེ༌སང༌ སྲན༌ཏྲེ༌ ཁྲིམས༌ སྲུང༌ཁན༌ནི༌ སྡེ༌, ཕ༌རུ༌ཤི༌པའེ༌ མི༌ཚེ༌ ཕུད༌ཁན༌ནི༌ སྤང༌པོ༌ ཏང༌ཉན༌ཅེས༌ ཨིན༌ནོག༌། 6 དཀོན༌མཆོག༌གི༌ ང༌དང༌གུན༌ནི༌ ཕ༌མེས༌པོ༌གུན༌ལ༌ ཛད༌ཁན༌ནི༌ ཞལ༌ཆད༌དི༌ ནང༌ང༌ ངའ༌ རེ༌ཝ༌ ཡོད༌ཅེས༌པོའེ༌, དི༌རིང༌ ང༌ འི༌ཀ༌ ཤགས༌ ཅོའ༌ ཁྱོངས༌ཏེ༌ ཨིན༌ནོག༌། 7 ང༌དང༌ངི༌ སྡེ༌ ཅུག༌ཉིས༌པོའེ༌, ཏེན༌ན༌ ཞལ༌ཆད༌པོ༌ དྲན༌དྲ༌ གྲུབ༌ཅེས༌སི༌ རེ༌ཝ༌ བོར༌ཏེ༌ ཚན༌ཉིན༌, སྙིང༌ ཏངས༌ཏེ༌ དཀོན༌མཆོག༌ག༌ ཞབ༌སྟོག༌ ཞུ༌ཨིན༌ ཨིན༌ནོག༌། ཀྱེ༌ གྱལ༌པོ༌, ཏེན༌ན༌ རེ༌ཝ༌ བོར༌ཅེས༌སི༌ ཕིའ༌ ངའ༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ཉད༌གལ༌ ཀལ༌ཏེ༌ ཨིན༌ནོག༌། 8 དཀོན༌མཆོག༌གི༌ ཤི༌ཁན༌གུན༌ སོན༌ཏེའ༌ ལང༌ང༌ ཛད༌ཉན༌ཅེས༌པོའེ༌ཀ༌ ཁྱོ༌ཞ༌གུན༌ ཡམ༌ཚན༌ ཅིའ༌ ཆའ༌རག༌?"
9 "སྔུན༌ལ༌ ངེའང༌ དཀོན༌མཆོག༌ ཐུགས༌ཐད༌ད༌ནོག༌ སམས༌ཏེ༌ ན༌ཙ༌རེད༌པ༌ ཡེ༌ཤུའ༌ ཏད༌པ༌ ཅོ༌ཁན༌གུན༌ནི༌ གྱབ༌གལ༌ལ༌ ཅི༌ ཅོ༌ཉན༌ནའང༌ ཅོས༌པིན༌། 10 ཡེ༌རུ༌ཤ༌ལེམ༌མི༌ ནང༌ང༌ ངའེ༌ ཏེན༌ན༌ ཙོགས༌ ཅོས༌པིན༌, ངའེ༌ བླ༌མ༌ འུ༌སྐྱོང༌གུན༌ནི༌ ཀ༌ནེ༌ ཝང༌ཆ༌ ལེན༌ཏེ༌ ཏད༌པ༌ཅན༌ མང༌པོ༌ ཙོན༌ལ༌ ཀགས༌པིན༌, ཡང༌ སྲོག༌གི༌ ཆད༌པ༌ ཕོག༌ཁན༌གུན༌ནི༌ ཐག༌ཅད༌བོའེ༌ ནང༌ང༌ ངེའང༌ ཆོགས༌སྐྱོར༌ ཅོས༌པིན༌། 11 ང༌ ཡ༌ཧུ༌དཱ༌པའེ༌ དུ༌ཁང༌ རེ༌རེ༌ ནང༌ང༌ སོང༌ཏེ༌ ཁོང༌གུན༌ལ༌ ཆད༌པ༌ ཅད༌ཏེ༌ དད༌ལོག༌ ཅོ༌ཅུག༌ཅེས༌སི༌ རྩོན༌གྲུས༌ ཅོའད༌པིན༌། ཁོང༌གུན༌ནི༌ གྱབ༌གལ༌ལ༌ སྲོ༌ སྲན༌ཏྲེ༌ དང༌ ནཕ༌རད༌ ཡོད༌ཅེས༌པོའེ༌, ང༌ ཡུལ༌ ཐག༌རིང༌གུན༌ལའང༌ སོང༌ཏེ༌ ཁོང༌གུན༌ལ༌ ནགས༌ སྲན༌ཏྲེ༌ ལྟན༌པིན༌།"
12 "ལན༌ཅིག༌ བླ༌མ༌ འུ༌སྐྱོང༌གུན༌ནི༌ ཀ༌ནེ༌ ཝང༌ཆའ༌ ཁུར༌ཏེ༌ ང༌ ཏེན༌ན༌ ལས༌པོའེ༌ ཕིའ༌ དཱ༌མེས༌ཁས༌ ཆོགས༌ལ༌ ཆའད༌པིན༌, 13 ལམ༌མ༌ ཡོད༌ ཟ༌ནེ༌ ཉིང༌གུང༌ཞིག༌ག༌, ཀྱེ༌ གྱལ༌པོ༌, ང༌ ནམ༌ཁའ༌ནེ༌ ཉི༌མའེ༌ འོད༌དི༌ སང༌ མང༌ང༌ ལྡང༌ཤན༌ འོད༌ཤིག༌ བབས༌ཨིན༌ ཐོང༌, ཀ༌བོ༌ ང༌ དང༌ ངའེ༌ ཕྲོ༌པ༌གུན༌ལ༌ ཁོར༌ཏེ༌ དུགས༌། 14 ང༌ཞའ༌ ཚང༌མ༌ སའེ༌ཀ༌ གྱེལ༌, ཡང༌ ངའེ༌ སུང༌སྐད༌ཅིག༌ ཚོར༌, ཀ༌བོའེ༌ ང༌ ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ མོལ༌ལ༌རག༌, 'ས༌འུལ༌, ས༌འུལ༌, ཁྱོ༌རང༌ངི༌ ང༌ ཅིའ༌ ནགས༌བར༌དོ༌ ལྟན༌ནད༌། ངའེ༌ དོད༌པའེ༌ གྱབ༌གལ༌ལ༌ ནོལ༌ཅེས༌པོ༌ ནི༌ ཁྱོ༌རང༌ངི༌ ཁྱོ༌རང༌ང༌ ནོད༌སྐྱལ༌ཏེ༌ ཨིན༌ནོག༌'།"
15 "ཏེ༌ནེ༌ ངའེ༌, 'གཙོ༌བོ༌ ཉེ༌རང༌ སུ༌ ཨིན༌' ཞུས༌པིན༌།"
"གཙོ༌བོའེ༌ ལན༌སལས༌, 'ང༌ ཁྱོ༌རང༌ངི༌ ནགས༌བར༌དོ༌ ལྟན༌ཁན༌, ཡེ༌ཤུ༌ ཨིན༌། 16 ཏ༌ རང༌ངི༌ རྐང༌པའེ༌ཀ༌ ལོངས༌། ཁྱོ༌རང༌ ངའ༌ ཞབ༌སྟོག༌ ཞུ༌ཅེས༌ དང༌ སྤང༌པོ༌ ཏང༌ཅེས༌ལ༌ སྐོ༌ཅེས༌སི༌ ཕིའ༌ ངའ༌ ཁྱོ༌རང༌ང༌ སྔོན༌ཏེ༌ ཨིན༌། ཁྱོ༌རང༌ངི༌ དག༌ས༌ ཐོང༌ཁན༌ ཡང༌ ཡོང༌ཅེས༌སི༌ ཏུས༌སི༌ ནང༌ང༌ ངའེ༌ ཁྱོ༌རང༌ང༌ ལྟན༌ཅེས༌ཅན༌གུན༌ ཇིག༌རྟེན༌པ༌གུན༌ལ༌ ཤོད༌། 17-18 ངའེ༌ ཁྱོ༌རང༌ ཁྱོ༌རང༌ངི༌ མི༌གུན༌ དང༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ ཀ༌ནེ༌ ཏུས༌གྱུན༌ སྐྱོབ༌ཨིན༌། ཁོང༌གུན༌ མུན༌གྲིག༌ནེ༌ འོད༌དི༌ ནང༌ང༌ ཡོང༌ཅེས༌ དང༌ ཤེ༌ཏན༌ནི༌ ཝང༌ནེ༌ ཕིངས༌ཏེ༌ དཀོན༌མཆོག༌ ཆོགས༌ལ༌ ཁྲིད༌ཅེས༌སི༌ ཕིའ༌ ངའེ༌ ཁྱོ༌རང༌ ཁོང༌གུན༌ནི༌ མིག༌ ཕེ༌ཅེས༌ལ༌ ཁོང༌གུན༌ནི༌ ཕྲོའ༌ ཀལ༌ལད༌། ཏེ༌ནེ༌ ཁོང༌གུན༌ལ༌ སྡིག༌པ༌གུན༌ནེ༌ ཤགས༌པ༌ ཡང༌ ངའེ༌ ནང༌ང༌ ཏད༌པའེ༌ ཞས༌ཏེ༌ རྩང༌མ༌ གྱུར༌ཁན༌གུན༌ནི༌ ཕྲོའ༌ ནས༌ས༌ ཐོབ༌ཨིན༌'།"
19 "ཏེན༌ན༌བོའེ༌ཕིའ༌, ཀྱེ༌ གྱལ༌པོ༌ ཨག༌རི༌པའ༌, ནམ༌ཁའ༌ནེ༌ བྱུང༌ཁན༌ནི༌ ཞལ༌ཟིགས༌སི༌ ནང༌ང༌ མོལ༌ཁན༌གུན༌ ངའེ༌ ཁའ༌ཉན༌པིན༌། 20 གོ༌མ༌ ངའེ༌ དཱ༌མེས༌ཁས༌, ཏེ༌ནེ༌ ཡེ༌རུ༌ཤ༌ལེམ༌ དང༌ ཡ༌ཧུ༌དཱའེ༌ གང༌པོའེ༌ ནང༌ང༌ ཡོད༌ཁན༌གུན༌ལ༌, ཏེ༌སྟིང༌ནེ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ལ༌, ཁོང༌རང༌ངི༌ སྡིག༌པའེ༌ཀ༌ གྱོད༌པ༌ ཅོས༌ཏེ༌ དཀོན༌མཆོག༌ ཆོགས༌ལ༌ སེམས༌ གྱུར༌གོས༌ ཟེར༌ཏེ༌ ཆོས༌ཤད༌པིན༌, ཡང༌ གྱོད༌པ༌ ཅོ༌ཁན༌བོ༌ ལག༌ལེན༌ གྱུད༌ཏེ༌ ལྟན༌ཅེས༌ལ༌ ཟེར༌པིན༌། 21 ཏེ༌ གྱུན༌ཚན༌བོའེ༌ ཕིའ༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ང༌ ཆོད༌ཁང༌ངི༌ ནང༌ང༌ ཟུམས༌ཏེ༌ སད༌ཅེས༌སི༌ རྩོན༌གྲུས༌ ཅོས༌། 22 ཨིན༌ནའང༌ དཀོན༌མཆོག༌གི༌ ང༌ དི༌རིང༌ ཚག༌པ༌ སྐྱོབ༌བ༌ ཛད༌ པ༌སང༌, འི༌ཀ༌ ལངས༌ཏེ༌ ཉམ༌ཤུང༌ དང༌ ཁག༌ཅན༌ ཚང༌མའེ༌ དུན༌ལ༌ ངའེ༌ སྤང༌པོ༌ ཏང༌ངད༌། ངའེ༌ མོ༌ཟེས༌ དང༌ ཞན༌ ལུང༌སྟོན༌པ༌གུན༌ནི༌ བྱུང༌ཅེས༌ཅན༌གུན༌ མོལ༌ཁན༌བོའེ༌ སང༌ ཐེ༌བ༌ཞིག༌ ཅའང༌ མ༌ཟེར༌པིན༌, 23 ཏེ༌བོ༌ ནི༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀའ༌ རྡུག༌ངལ༌ ཐོང༌ཅེས༌ ཡང༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ གོ༌མ༌རང༌ སོན༌ཏེའ༌ ཞངས༌ཁན༌བོ༌ ཨིན༌ནོག༌། ཏེན༌ན༌ ལོན༌བོ༌ ཡ༌ཧུ༌དཱ༌པ༌ དང༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ལ༌ ཐར༌པ༌ ཐོབ༌ཅེས༌སི༌ འོད༌པོ༌ ཨིན༌།"
24 ཧུན༌མེད༌ལ༌ ཕེས༌ཏུས༌སི༌ ཀུ༌ཅོ༌ ཏངས༌ཏེ༌ ཟེརས༌, "པ༌འུ༌ལུ༌ ཁྱོ༌རང༌ ཆལ༌ཆོལ༌ སོང༌ཏེ༌ ཨིན༌ནོག༌, ལོབ༌ཇོང༌ མང༌པོ༌ ཅོ༌ཅེས༌པོའེ༌ ཁྱོ༌རང༌ སྙོ༌ཅུགས༌ཏེ༌ ཨིན༌ནོག༌།"
25 པ༌འུ༌ལུའི༌ ལན༌སལས༌, "ཕེས༌ཏུས༌ སྐུན༌དུན༌, ང༌ སྙོས༌ཏེ༌ མན༌། ངའེ༌ ཟེར༌ཁན༌གུན༌ དྲང༌པོ༌ ཨིན༌ ཆལ༌ཆོལ༌ མན༌། 26 གྱལ༌པོའ༌ འི༌གུན༌ནི༌ སྐོར༌ལ༌ ཐུག༌གྱུས༌ ཡོད༌པ༌ ངའེ༌ ཁོང༌ང༌ ཅི༌ཚང༌མ༌ ཤད༌ནའང༌ གྲིགས༌ཏེ༌ ཨིན༌ནོག༌། ཏེ༌ ནས༌སྐབས༌ ཚང༌མའེ༌ སྐོར༌ལ༌ ཁོང༌ང༌ གྱུས༌ཡོད༌ཅེས༌པོ༌ ང༌ ཏན༌ཏན༌ རག༌ ཅིའ༌ཟེར༌ན༌ ཏེ༌གུན༌ སང༌ཝའེ༌ ནང༌ང༌ མ༌ཅོའ༌ ཨིན༌ནོག༌། 27 ཨག༌རི༌པ༌ གྱལ༌པོ༌ ཉེ༌རང༌ངི༌ ལུང༌སྟོན༌པ༌གུན༌ནི༌ མོལ༌ཁན༌གུན༌ལ༌ ཨིད༌ཤེས༌སད༌ད༌? ང༌ གྱུས༌ཡོད༌ ཉེ༌རང༌ངི༌ ཨིད༌ཤེས༌ ཅོའ༌ནོག༌།"
28 གྱལ༌པོ༌ ཨག༌རི༌པའེ༌ པ༌འུ༌ལུའ༌ ཟེརས༌, "ཅི༌ ཁྱོ༌རང༌ངི༌ འི༌ཟུག༌ ཏུས༌ ཉུ༌ངུན༌ཞིག༌གི༌ ནང༌ང༌ ང༌ མ༌ཤི༌ཀའེ༌ཀ༌ ཏད༌པ༌ ཅོ༌ཅུག༌ཉན༌ཨིན༌ སམ༌མ༌རག༌ག༌?"
29 པ༌འུ༌ལུའི༌ མོལས༌, "ཏུས༌ ཐུ༌ངུན༌ ཡོད༌གྲོ༌ ཡ༌ རིང༌མོ༌, ངའེ༌ དཀོན༌མཆོག༌ག༌ མོས༌ལམ༌ ཞུའད༌, ཉེ༌རང༌ ཅིག༌པོ༌ མན༌པ༌ འི༌ཀ༌ ཛོམས༌ཏེ༌ ངའེ༌ སྤེ༌ར༌ ཉན༌ཁན༌ ཚང༌མའང༌, འི༌ ལག༌ལྕག༌བོ༌ མེད༌པ༌ ང༌ ཙོགས༌ གྱུར༌ཤིག༌།"
30 ཏེ༌ནེ༌ གྱལ༌པོ༌ ལངས༌ ཡང༌ ཁོ༌ ཉམ༌པོ༌ ཀའ༌ལོན༌, བེར༌ནི༌ཀཱ༌ དང༌ ཞན༌མ༌ ཚང༌མ༌ ལངས༌ཏེ༌ སོང༌། 31 ཆེན༌ ཡོད༌ ཟ༌ནེ༌ ཁོང༌གུན༌ནི༌ ཅིག༌ དང༌ ཅིག༌ག༌ ཟེརས༌, "ཙོན༌ལ༌ བོར༌ཅེས༌ ཡ༌ སྲོག༌གི༌ ཆད༌པ༌ ཏང༌གོ༌ཤེས༌སི༌ ལས༌ཤིག༌ འི༌ མི༌བོའེ༌ ཅའང༌ མ༌ཅོས༌ཏོག༌།
32 གྱལ༌པོ༌ ཨག༌རི༌པའེ༌ ཕེས༌ཏུས༌ལ༌ ཟེརས༌, "གལ༌ཏེས༌ འི༌ མི༌བོའེ༌ རོམ༌མི༌ གྱལ༌པོའ༌ ཁོའེ༌ ཤགས༌པོའ༌ ཁྲིམས༌ཅད༌ ཅོ༌ཅེས༌ལ༌ ཞུ༌ཝ༌ མ༌ཕུལ༌པིན༌ན༌, ཁོ༌ ཕུད༌ནའང༌ གྲིག༌ཅེས༌ དུག༌།"