3
ཏི༌མོ༌ཐི༌ སྐོར༌།
3:1 ནེ༌ 13
1 ཏེ༌བོའེ༌ཕིའ༌ ང༌ཞའ༌ ཁྱོ༌ཞའེ༌ ནས༌ལུག༌གི༌ སྐོར༌ལ༌ གྱུས༌མ༌ཆ༌ དུག༌ མ༌ཐུབ༌ པ༌སང༌, ང༌ཞ༌རང༌ ཨེ༌ཐེན༌ གྱལ༌སའེ༌ ནང༌ང༌ དུག༌ཅེས༌ ཐག༌ཅད༌ཏེ༌, 2-3 ང༌ཞའ༌ ཉམ༌པོ༌ དཀོན༌མཆོག༌གི༌ ཞབ༌སྟོག༌ ཞུ༌ཨིན༌ མ༌ཤི༌ཀའེ༌ སྐོར༌ལ༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཁན༌, ང༌ཞའེ༌ ཅེས༌པ༌ སྤུན༌, ཏི༌མོ༌ཐི༌ ཁྱོ༌ཞ༌གུན༌ནི༌ཀ༌ ཀལ༌པིན༌། ཁོའེ༌ ཁྱོ༌ཞའེ༌ སེམས༌ཉིད༌གུན༌ ཤུགས༌ཅན༌ ཅོ༌ཅེས༌ དང༌ ཏད༌པའེ༌ ནང༌ང༌ སྤོས༌པ༌ ཏངས༌ཏེ༌ ནགས༌བར༌དོ༌ ཐོང༌ངི༌ ཏུས༌ལ༌ ཁྱོ༌ཞའ༌ སུ༌ཞིག༌གིའང༌ རེ༌ཝ༌བོ༌ ཕང༌ མི༌ཅུག༌ཅེས༌སི༌ ང༌ཞའེ༌ དོད༌པ༌ ཅོའད༌། འི༌ཙོགས༌སི༌ ནགས༌བར༌དོ༌གུན༌ ང༌དང༌ངི༌ ཕིའ༌ སྐལ༌ཏེ༌ ཡོད༌ཁན༌བོ༌ ཁྱོ༌ཞ༌གུན༌ལ༌ གྱུས༌ཨིན༌ནོག༌། 4 ཅིའ༌ཟེར༌ན༌ ང༌ཞའ༌ ཁྱོ༌ཞའ༌ ཉམ༌པོ༌ ཡོད༌ ཟ༌ནེའང༌, ང༌དང༌གུན༌ལ༌ ནགས༌ ལྟན༌ཅེན༌ ཟེར༌ཏེ༌ ཁྱོ༌ཞའ༌ ཤང༌ སྐུལ༌ལད༌པིན༌། ཡང༌ ཏེན༌ན༌ དྲན༌དྲ༌ བྱུང༌ཨིན༌ ཡོད༌ཁན༌བོ༌ ཁྱོ༌ཞའ༌ གྱལ༌ལ༌ ཅོས༌ཏེ༌ གྱུས༌ཨིན༌ནོག༌།
5 ཏེ༌བོའེ༌ཕིའ༌ ང༌ སྲན༌ཏེ༌ དུག༌ མ༌ཐུབ༌པ༌, ངའེ༌ ཏི༌མོ༌ཐི༌ ཁྱོ༌ཞ༌གུན༌ནི༌ ཏད༌པ༌ སྟན༌པོ༌ ལུས༌ཏེ༌ དུག༌ག༌ མི༌དུག༌ ལྟའ༌ལ༌ ཀལ༌པིན༌། ཚོད༌ ལྟའ༌ཁན༌ནི༌ ཚོད༌པ༌ ཤེ༌ཏན༌ནི༌ ཁྱོ༌ཞའ༌ ཏད༌པ༌ ཕང༌ཅེས༌སི༌ ཚོད༌ལྟའེ༌ ནང༌ང༌ བུད༌ཅུགས༌ཏེ༌, ང༌ཞའེ༌ ཁྱོ༌ཞའེ༌ ཕྲོའ༌ རྩོན༌གྲུས༌ ཅོ༌ཁན༌གུན༌ ཕན༌མི༌ཐོགས༌ གྱུར༌ཅུག༌སྲིད༌ཅེས༌ ཨིན༌ནོག༌ སམས༌ཏེ༌ ང༌ ཇིགས༌སད༌པིན༌།
6 ཨིན༌ནའང༌ ཁྱོ༌ཞ༌གུན༌ནི༌ ཏད༌པ༌ དང༌ ཅམས༌པའེ༌ སྐོར༌ལ༌ ནས༌ཚུལ༌ ཟང༌པོ༌ ཁུར༌ཏེ༌ ཏི༌མོ༌ཐི༌ དག༌ས༌རང༌ ང༌ཞའེ༌ཀ༌ ལོགས༌ཏེ༌ ལེབ༌། ཁྱོ༌ཞ༌གུན༌ནི༌ ང༌ཞའ༌ ཁྱོ༌ཞའ༌ ཉམ༌པོ༌ ཡོད༌ཁན༌ནི༌ ཏུས༌གུན༌ ཐད༌པོ༌ ཉམ༌པོ༌ ཨིད༌ཏུ༌ ཅོ༌ཅེས༌ ཡང༌, ང༌ཞའ༌ ཁྱོ༌ཞའ༌ ཐུག༌ཅེས༌ལ༌ དོད༌པ༌ སྲན༌ཏྲེ༌ ཡོད༌ཁན༌ ཙོགས༌ལ༌, ཁྱོ༌ཞའང༌ ཐུག༌ཅེས༌ལ༌ དོད༌པ༌ ཡོད༌ཁན༌གུན༌ ཏི༌མོ༌ཐིའི༌ ཤད༌ད༌རག༌། 7 ཏེ༌བོའེ༌ཕིའ༌ ང༌ཞའ༌ ནགས༌ དང༌ བར༌དོ༌ ཐོང༌ཨིན༌ ཡོད༌ནའང༌, ཅེས༌པའེ༌ སྤུན༌གུན༌, ཁྱོ༌ཞའ༌ ཏད༌པའེ༌ ནང༌ང༌ སྟན༌པོ༌ དུག༌ཅེས༌པོ༌ ཚོར༌ཏེ༌, ང༌ཞའ༌ སྤོས༌པ༌ ཐོབ༌། 8 ཁྱོ༌ཞ༌གུན༌ནི༌ གཙོ༌བོའེ༌ ནང༌ང༌ ཏད༌པ༌ སྟན༌པོ༌ བོར༌པ༌, ང༌ཞའེ༌ སེམས༌ལ༌ སོ༌མ༌ མི༌ཚེ༌ ཐོབ༌།
9 ཁྱོ༌ཞའེ༌ ཞས༌ཏེ༌ ཙམ༌ཤིག༌ གའ༌མོ༌ ང༌ཞའ༌ དཀོན༌མཆོག༌གི༌ སྐུ༌དུན༌ལ༌ ཐོབ༌ཁན༌བོའ༌, ང༌ཞའེ༌ དཀོན༌མཆོག༌ག༌ ཐུག༌རྗེ༌ཆེ༌ དྲན༌དྲའ༌ ཀ༌ཟུག༌གི༌ ཞུ༌ཐུབ༌ཨིན༌? 10 ཡང༌ ཁྱོ༌ཞའེ༌ ཏད༌པའེ༌ ནང༌ང༌ སྒོས༌དོམ༌ ལུས༌ཏེ༌ ཡོད༌ཁན༌ ཚང༌མ༌ སྐང༌ཅེས༌ལ༌ ང༌ཞའ༌ ཡང༌སྐྱར༌ ཁྱོ༌ཞ༌གུན༌ དུན༌ལ༌ ཐུག༌ ཅུག༌ག༌ ཛད༌ ཞུ༌ཨིན༌, ང༌ཞའེ༌ ཚན༌ཉིན༌ མེད༌པ༌ དཀོན༌མཆོག༌ག༌ སྙིང༌ངི༌ ཐིལ༌ནེ༌ དོད༌པ༌ སྲན༌ཏྲེ༌ ཉམ༌པོ༌ མོས༌ལམ༌ ཞུའད༌།
11 ཏ༌ དཀོན༌མཆོག༌ ང༌དང༌ངི༌ ཡབ༌ དང༌, ང༌དང༌ངི༌ གཙོ༌བོ༌ ཡེ༌ཤུ༌ ཉིས༌ཀོའེ༌, ང༌ཞའེ༌ ཕིའ༌ ཡང༌སྐྱར༌ ཁྱོ༌ཞ༌གུན༌ ཐུག༌ཅེས༌སི༌ ལམ༌བོ༌ ལག༌མོ༌ ཅོའ༌ ཛད༌ཤིག༌། 12 ཡང༌ གཙོ༌བོའེ༌ ཁྱོ༌ཞ༌གུན༌ནི༌ ཅམས༌པ༌བོ༌ ཁྱོ༌ཞའ༌ ཅིག༌ དང༌ ཅིག༌གི༌ ནང༌ང༌ མ༌ཚད༌, ཞན༌མ༌ ཚང༌མའེ༌ ཕིའང༌ གྱས༌ཤུག༌ག༌ ཛད༌ཤིག༌, ཀ༌ཟུག༌ ཁྱོ༌ཞ༌གུན༌ནི༌ ཕིའ༌ ང༌ཞའེ༌ ཅམས༌པ༌བོ༌ ཡོད༌། 13 ང༌དང༌ངི༌ གཙོ༌བོ༌ ཡེ༌ཤུ༌ ཁོང༌རང༌ངི༌ དམ༌པའེ༌ ཕོ༌ཉ༌གུན༌ ཉམ༌པོ༌ ཕེབས༌སི༌ ཏུས༌ལ༌, ཁྱོ༌ཞའ༌ ཚང༌མ༌ དཀོན༌མཆོག༌, ང༌དང༌ངི༌ ཡབ༌བི༌ སྐུ༌དུན༌ལ༌ དམ༌པ༌ དང༌ སྐྱོན༌མེད༌ ལུས༌ཤེས༌ལ༌, གཙོ༌བོ༌ ཡེ༌ཤུའི༌ ཁྱོ༌ཞའ༌ སེམ༌སྟོབས༌ཅན༌ ཛད༌ཤིག༌།