3
གྲུལ༌ མ༌ཉན༌ཁན༌ ལྩང༌ཁན༌ཞིག༌ ཕན༌ཅུག༌ག༌ ཛདས༌།
3:1 ནེ༌ 11
1 ཞག༌ཤིག༌ ཉི༌མའེ༌ ཆུ༌ཚོད༌ སུམ༌པ༌ མོས༌ལམ༌ ཞུ༌ཅེས༌སི༌ ཏུས༌པའེ༌ཀ༌ པི༌ཏྲར༌ དང༌ ཡོ༌ཧཱ༌ནན༌ ཀེན༌ལ༌ ཆོད༌ཁང༌ང༌ སྐྱོདས༌། 2 སྐྱེས༌པ༌ནེ༌ ཕར༌ལ༌ ཞ༌འོ༌ མི༌ཞིག༌ ཆོད༌ཁང༌ངི༌ ལྡེ༌མོ༌ ཟེར༌ཁན༌ནི༌ གྱས༌སྒོའེ༌ཀ༌ ཞག༌ཏང༌ ཆོད༌ཁང༌ང༌ ཆའ༌ཁན༌གུན༌ནི༌ ཀ༌ནེ༌ ལྩང༌ཅེས༌ལ༌ ཁྱོངས༌ཏེ༌ བོར༌རད༌པིན༌། 3 ཁོའེ༌ པི༌ཏྲར༌ དང༌ ཡོ༌ཧཱ༌ནན༌ ཆོད༌ཁང༌ང༌ ཆའ༌ ཐོང༌ཏེ༌ ཁོང༌ང༌ པེ༌ནེ༌ ཏོང༌ ཟེར༌ཨིན༌ ལྩངས༌།
4 པི༌ཏྲར༌ དང༌ ཡོ༌ཧཱ༌ནན༌ནི༌ ཁོ༌ ཆོགས༌ལ༌ མིག༌ གྱངས༌ཏེ༌ ལྟས༌ ཡང༌ པི༌ཏྲར༌རི༌ མོལས༌, "ང༌ཞའ༌ ལྟོས༌།" 5 ཁོའེ༌ པེ༌ནེ༌ ཏང༌ང༌ནོག༌ སམས༌ཏེ༌ ཁོང༌གུན༌ལ༌ ལྟས༌ཏེ༌ དུགས༌། 6 ཏེ༌ནེ༌ པི༌ཏྲར༌རི༌ མོལས༌, "མུལ༌ ཡ༌ སེར༌ ནི༌ ངའ༌ མེད༌, ངའ༌ ཡོད༌ཁན༌བོ༌ ཁྱོ༌རང༌ང༌ ཏང༌ཨིན༌, ན༌ཙ༌རེད༌པ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཚན༌ནི༌ ནང༌ང༌ ལངས༌ཏེ༌ གྲུལ༌།"
7 པི༌ཏྲར༌རི༌ ཁོའེ༌ ལག༌པ༌ ཡས༌པ༌ ཟུམས༌ཏེ༌ ཁོ༌ ལང༌ང༌ལ༌ རོགས༌ ཅོས༌, ཏེན༌ན༌མལ༌ལ༌ ཁོའེ༌ རྐང༌པ༌ དང༌ རྐང༌ཚིགས༌ ཚང༌མ༌ ཕན༌ཏེ༌ ཤེད༌ཅན༌ གྱུར༌། 8 ཁོ༌ ཆོམས༌ཏེ༌ ཀོའག༌ ལངས༌ ཡང༌ གྲུལ༌ཅེས༌ གོ༌ཟུག༌། ཏེ༌ནེ༌ ཁོ༌ ཆོམས༌ཨིན༌, གྲུལ༌ཨིན༌, དཀོན༌མཆོག༌ག༌ སྟོད༌པ༌ ཕུལ༌ཨིན༌, ཁོང༌གུན༌ ཉམ༌པོ༌ ཆོད༌ཁང༌ང༌ སོང༌།
9 མི༌ཚང༌མའེ༌ ཁོ༌ གྲུལ༌ཨིན༌, དཀོན༌མཆོག༌ག༌ སྟོད༌པ༌ ཕུལ༌ཨིན༌ ཐོང༌ཏེ༌ 10 ཆོད༌ཁང༌ངི༌ ལྡེ༌མོ༌ ཟེར༌ཁན༌ནི༌ གྱས༌སྒོའེ༌ དུན༌ལ༌ དུག༌ཁན༌ནི༌ ལྩང༌ཁན༌ ཨིན༌ཁན༌བོ༌ ངོ༌ཤེས༌། ཡང༌ ཁོའེ༌ ཏེ༌ཟུག༌ ཅོ༌ཨིན༌ ཐོང༌པ༌ ཁོང༌གུན༌ ཧ༌ལས༌ཏེ༌ ཧན༌གྲང༌ སོང༌། 11 ཏེ༌ མི༌བོའེ༌ པི༌ཏྲར༌ དང༌ ཡོ༌ཧཱ༌ནན༌ནི༌ ལག༌པ༌ ཐམས༌ཏེ༌ ཡོད༌ ཟ༌ནེ༌, མི༌ཚང༌མ༌ ཧ༌ལས༌ཏེ༌ ཁོང༌གུན༌ ཡོད༌སའེ༌, ཆོད༌ཁང༌ངི༌ ནང༌ང༌ སོ༌ལོ༌མོན༌ནི༌ ཡབས༌ ཟེར༌སའེ༌ ནས༌སའེ༌ཀ༌ གྱུགས༌ཏེ༌ སོང༌།
པི༌ཏྲར༌རི༌ ཆོད༌ཁང༌ངི༌ ནང༌ང༌ ཆོས༌ སལས༌།
3:12 ནེ༌ 26
12 པི༌ཏྲར༌རི༌ མི༌མངས༌གུན༌ ཛོམ༌མ༌ ཐོང༌ཏེ༌ མོལས༌, "ཨིས༌ར༌ཨེལ༌པ༌གུན༌, ཁྱོ༌ཞ༌གུན༌ ཅིའ༌ ཧ༌ལས༌ཏེ༌ ཨིན༌? ང༌ཞ༌རང༌ངི༌ སྟོབས༌ ཡ༌ ང༌ཞའ༌ དམ༌པ༌ ཡོད༌ཅེས༌པོའེ༌, འི༌ མི༌བོ༌ གྲུལ༌ཅུག༌ ཉན༌ཏེ༌ ཨིན༌ནོག༌ སམས༌ཏེ༌ ང༌ཞའ༌ ཅིའ༌ ལྟས༌ཏེ༌ དུག༌གད༌། 13 ཨབ༌ར༌ཧམ༌, ཨི༌སཱག༌, ཡ༌ཀོབ༌བི༌ དཀོན༌མཆོག༌, ང༌དང༌ངི༌ ཕ༌མེས༌པོ༌གུན༌ནི༌ དཀོན༌མཆོག༌གི༌ ཁོང༌ངི༌ ཞབ༌སྟོག༌པ༌ ཡེ༌ཤུའ༌ སྤལ༌ སལ༌ལ༌ ཛདས༌། ཨིན༌ནའང༌ ཁྱོ༌ཞ༌གུན༌ནི༌ ཁོང༌ ཟུམས༌ཏེ༌ གྲ༌འོའེ༌ ལག༌ག༌ སད༌ད༌ ཏངས༌, ཡང༌ པི༌ལ༌ཏུའི༌ ཁོང༌ ཕུད༌ཅེས༌སི༌ ཐག༌ཅད༌ནའང༌, ཁྱོ༌ཞ༌གུན༌ནི༌ པི༌ལ༌ཏུའི༌ དུན༌ལ༌ ཁོང༌ ང༌ཞའེ༌ གྱལ༌པོ༌ མན༌ ཟེརས༌། 14 ཁྱོ༌ཞ༌གུན༌ནི༌ དམ༌པ༌ དང༌ དྲང༌པོ༌ ཨིན༌ཁན༌བོ༌ ཕངས༌ཏེ༌ པི༌ལ༌ཏུའ༌ ཁྱོ༌ཞའེ༌ ཕིའ༌ མི༌སད༌ཞིག༌ ཕུད༌ཅེས༌ལ༌ ཞུ༌ཝ༌ ཕུལས༌། 15 ང༌ཞའེ༌ སྤང༌པོ༌ ཏང༌ངད༌, ཁྱོ༌ཞའེ༌ སྲོག༌ སལ༌ཁན༌བོ༌ སདས༌, ཨིན༌ནའང༌ དཀོན༌མཆོག༌གི༌ ཁོང༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ལང༌ང༌ ཛད༌ཏེ༌ ཨིན༌ནོག༌།"
16 "ཡེ༌ཤུའི༌ ཚན༌ནི༌ ནང༌ང༌ ཏད༌པ༌ ཅོ༌ཅེས༌པོའེ༌ ཁྱོ༌ཞའེ༌ ཐོངས༌ཏེ༌ ངོ༌ཤེས༌ཁན༌ནི༌ འི༌ མི༌བོ༌ ཤེད༌ཅན༌ ཅོའ༌ ཛདས༌། ཡེ༌ཤུའི༌ ནང༌ང༌ ཏད༌པ༌ ཅོ༌ཅེས༌པོའེ༌ འི༌ མི༌བོའེ༌ ཟུགས༌པོ༌ གྱལ༌ཏེ༌ ཤེད༌ཅན༌ གྱུར༌ཁན༌བོ༌ ཁྱོ༌ཞའ༌ ཚང༌མའེ༌ ཐོང༌ ཐུབ༌ཏེ༌ ཨིན༌ནོག༌།
17 "ཏ༌ ངའེ༌ སྤུན༌གུན༌ ང༌ གྱུས༌ཡོད༌, ཁྱོ༌ཞའ༌ དང༌ ཁྱོ༌ཞའེ༌ འུ༌སྐྱོང༌ གུན༌ནི༌ ཡེ༌ཤུ༌ ཉམ༌པོ༌ ཅོ༌ཁན༌གུན༌ ཁོང༌ སུ༌ ཨིན༌ཁན༌བོ༌ མ༌ཤེས༌ས༌ ཅོས༌ཏེ༌ ཨིན༌པིན༌། 18 ཨིན༌ནའང༌ དཀོན༌མཆོག༌གི༌ སྔུན༌མའེ༌ ལུང༌སྟོན༌པ༌ ཚང༌མ༌ གྱུད༌ཏེ༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀའ༌ རྡུག༌ངལ༌ ཉོང༌གོས༌ཨིན༌ མོལ༌ཁན༌བོ༌ གྲུབ༌ ཅུག༌ག༌ ཛདས༌། 19 སྡིག༌པ༌ སེལ༌ལ༌ ཛད༌ཅེས༌སི༌ ཕིའ༌ ཁྱོ༌ཞའ༌ རང༌ངི༌ སྡིག༌པའེ༌ཀ༌ གྱོད༌པ༌ ཅོས༌ཏེ༌ དཀོན༌མཆོག༌ ཆོགས༌ལ༌ ལོག༌ཏེ༌ ཡོང༌ཤིག༌། 20 ཏེ༌ནེ༌ ཁྱོ༌ཞའ༌ དང༌ གཙོ༌བོའེ༌ ནང༌ང༌ བྲེལ༌ ཡོད༌ཅེས༌པོའེ༌, ཁྱོ༌ཞའེ༌ སེམས༌ལ༌ སྤོས༌པ༌ ཐོབས༌ཏེ༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀ༌, ཡེ༌ཤུ༌ ཡང༌སྐྱར༌ ཁྱོ༌ཞའེ༌ཀ༌ ཀལ༌ལ༌ ཛད༌ཨིན༌། 21 ཏུས༌ མང༌པོའེ༌ སྔུན༌ལ༌ དམ༌པའེ༌ ལུང༌སྟོན༌པ༌གུན༌ གྱུད༌ཏེ༌ མོལ༌ལ༌ ཛད༌ཁན༌ ནང༌ཞིན༌ ཡེ༌ཤུ༌ ཏེ༌ཏེ༌ཚོག༌པ༌ ནམ༌ཁའ༌ ཞུགས༌གོས༌ཨིན༌ ནམ༌ཚོག༌པ༌ དཀོན༌མཆོག༌གི༌ ཛད༌ཁན༌ ཚང༌མ༌ ཡང༌སྐྱར༌ སོ༌མ༌ མི༌ཛད༌། 22 ལུང༌སྟོན༌པ༌ མོ༌ཟེས༌སི༌ མོལས༌, 'གཙོ༌བོ༌ ཁྱོ༌ཞའེ༌ དཀོན༌མཆོག༌གི༌ ཁྱོ༌ཞ༌གུན༌ནི༌ ཕིའ༌ ང༌ ཙོགས༌ལ༌ ཁྱོ༌ཞ༌རང༌ངི༌ སྤུན༌གུན༌ནི༌ ཕྲོ༌ནེ༌ ལུང༌སྟོན༌པ༌ཞིག༌ ཀལ༌ལ༌ ཛད༌ཨིན༌། ཡང༌ ཁྱོ༌ཞ༌གུན༌ནི༌ ཁོང༌ངི༌ མོལ༌ཁན༌ ཚང༌མའ༌ ཁའ༌ཉན༌གོས༌། 23 ཏེ༌ ལུང༌སྟོན༌པའེ༌ ཁ༌ མི༌ཉན༌ཁན༌བོ༌ དཀོན༌མཆོག༌གི༌ མི༌གུན༌ནི༌ ཕྲོ༌ནེ༌ ཕེས༌ཏེ༌ མེད༌ཁན༌ ཅོའ༌ ཛད༌ཨིན༌།"* 3:23 ཁྲིམས༌སི༌ སྤེ༌ཆ༌ ཉིས༌པ༌ 18:15, 18, 19
24 པི༌ཏྲར༌རི༌ ཏ༌རུང༌ངའང༌ མོལས༌, "ཤ༌མུ༌ཨེལ༌ནེ༌ གོ༌ཟུགས༌ཏེ༌ ལུང༌སྟོན༌པ༌ ཚང༌མའེ༌, འི༌ ཞག༌གུན༌ནི༌ སྐོར༌ལ༌ ལུང༌སྟན༌ ཤད༌ད༌ ཛདས༌། 25 ཁྱོ༌ཞ༌ ལུང༌སྟོན༌པ༌གུན༌ནི༌ ཞལ༌ཆད༌གུན༌ ནོར༌སྐལ༌ ཐོབ༌ཅེས༌ཅན༌ ཡང༌ དཀོན༌མཆོག༌གི༌ ཁྱོ༌ཞའེ༌ ཕ༌མེས༌པོ༌གུན༌ ཉམ༌པོ༌ ཆད༌དོན༌ ཛད༌ཁན༌བོའེ༌ ནང༌ང༌ ཁྱོ༌ཞ༌ ཐེས༌ཏེ༌ ཨིན༌ནོག༌, ཀ༌ཟུག༌ དཀོན༌མཆོག༌གི༌ ཨབ༌ར༌ཧམ༌མ༌ མོལ༌ལ༌ ཛདས༌, 'ངའེ༌ ཁྱོ༌རང༌ངི༌ པུར༌གྱུད༌གུན༌ གྱུད༌ཏེ༌ ཇིག༌རྟེན༌པ༌གུན༌ལ༌ ཅིན༌ལབས༌ ཏང༌ཨིན༌།'† 3:25 གོ༌ཟུག༌ ཟེར༌ཁན༌ནི༌ སྤེ༌ཆའེ༌ 22:18, 26:4 26 དཀོན༌མཆོག༌གི༌ ཁོང༌རང༌ངི༌ ཞབ༌སྟོག༌པ༌, ཡེ༌ཤུ༌ སོན༌ཏེའ༌ ལང༌ང༌ ཛད༌ཏེ༌ ཁྱོ༌ཞ༌རང༌ངི༌ ངན༌པའེ༌ ལམ༌གུན༌ ཕང༌ ཐུབ༌ཅེས༌སི༌ ཅིན༌ལབས༌ སལ༌ཅེས༌ལ༌ ཁོང༌ གོ༌མ༌རང༌ ཁྱོ༌ཞ༌གུན༌ནི༌ཀ༌ ཀལ༌ལ༌ ཛདས༌།"