17
ཡེ༌ཤུའི༌ ཁོང༌རང༌ངི༌ ཕིའ༌ མོས༌ལམ༌ ཞུས༌།
17:1 ནེ༌ 5
ཏེ༌གུན༌ མོལ༌ ཚར༌ར༌ཅིག༌, གཙོ༌བོ༌ ཡེ༌ཤུའི༌ ནམ༌ཁའ༌ ཟིགས༌ཏེ༌ མོས༌ལམ༌ ཞུས༌, "ཀྱེ༌ ཡབ༌ལེ༌, ཏ༌ ཏུས༌ ལེབ༌ཚར༌, ཉེ༌རང༌ངི༌ སྲས༌སི༌ ཉེ༌རང༌ང༌ སྤལ༌ ཏང༌ཅེས༌སི༌ ཕིའ༌ ཉེ༌རང༌ངི༌ སྲས༌ལ༌ སྤལ༌ སལ༌ལ༌ ཛད༌། ངའ༌ སལ༌ལ༌ ཛད༌ཁན༌ ཚང༌མའ༌ ཐའ༌མེད༌པའེ༌ མི༌ཚེ༌ ཏང༌ཅེས༌ལ༌ ཉེ༌རང༌ངི༌ ངའ༌ མི༌ཚང༌མའེ༌ཀ༌ ཝང༌ཆ༌ སལ༌ཏེ༌ ཨིན༌། ཐའ༌མེད༌པའེ༌ མི༌ཚེ༌ ནི༌, ཉེ༌རང༌ དེན༌བའེ༌ དཀོན༌མཆོག༌ ཅིག༌པོ༌ དང༌ ཉེ༌རང༌ངི༌ ཀལ༌ལ༌ ཛད༌ཁན༌ནི༌ ཡེ༌ཤུ༌ མ༌ཤི༌ཀའ༌ ཤེ༌ཤེས༌པོ༌ ཨིན༌ནོག༌། ཉེ༌རང༌ངི༌ ང༌ སྟད༌ད༌ ཛད༌ཁན༌ནི༌ ལས༌གུན༌ གྲུབ༌ཅུགས༌ཏེ༌, ཇིག༌རྟེན༌ནི༌ཀ༌ ངའེ༌ ཉེ༌རང༌ང༌ སྤལ༌ ཁྱོངས༌ཏེ༌ ཨིན༌། ཏ༌ ཀྱེ༌ ཡབ༌ལེ༌, ང༌ ཉེ༌རང༌ངི༌ སྐུན༌དུན༌ལ༌ སྤལ༌ སལ༌ལ༌ ཛད༌, ཀ༌སྤལ༌བོ༌ ངའ༌ ཇིག༌རྟེན༌ ཆགས༌སི༌ སང༌ སྔུན༌ལ༌ ཉེ༌རང༌ ཉམ༌པོ༌ ཡོད༌པིན༌།"
ཡེ༌ཤུའི༌ ཁོང༌རང༌ངི༌ ལོབ༌ཕྲུགས༌གུན༌ནི༌ ཕིའ༌ མོས༌ལམ༌ ཞུས༌།
17:6 ནེ༌ 19
གཙོ༌བོ༌ ཡེ༌ཤུའི༌ ཏ༌རུང༌ངའང༌ མོས༌ལམ༌ ཞུ༌ཨིན༌ མོལས༌, "ཇིག༌རྟེན༌པ༌གུན༌ནི༌ ཕྲོ༌ནེ༌ ཉེ༌རང༌ངི༌ ལྡམ༌མ༌ ཛད༌ཏེ༌ ང༌ སལ༌ཁན༌གུན༌ལ༌ ངའེ༌ ཉེ༌རང༌ སྔོན༌ཅུགས༌པིན༌། ཁོང༌གུན༌ ཉེེ༌རང༌ངི༌ ཨིན༌པིན༌; ཉེ༌རང༌ངི༌ ཁོང༌གུན༌ ང༌ སལ༌ཏེ༌ ཨིན༌, ཡང༌ ཁོང༌གུན༌ནི༌ ཉེེ༌རང༌ངི༌ བཀའ༌ ཁའ༌ཉན༌ཏེ༌ ཨིན༌ནོག༌། ཏ༌ ཉེ༌རང༌ངི༌ ངའ༌ སལ༌ཁན༌ ཚང༌མ༌ ཉེ༌རང༌ངི༌ ཆོགས༌ནེ༌ ཨིན༌ཁན༌བོ༌ ཁོང༌གུན༌ལ༌ ཧ༌གོ༌ཏེ༌ ཨིན༌ནོག༌། ཅིའ༌ཟེར༌ན༌ ཉེ༌རང༌ངི༌ ང༌ སལ༌ཁན༌ནི༌ བཀའ༌གུན༌ ངའེ༌ ཁོང༌གུན༌ལ༌ ཏངས༌པིན༌། ཁོང༌གུན༌ནི༌ ཐད༌པོ༌ ཉམ༌པོ༌ ལེན༌ཏེ༌ ང༌ ཉེེ༌རང༌ངི༌ ཆོགས༌ནེ༌ ཡོངས༌ཏེ༌ ཨིན༌ཁན༌བོ༌ ཁོང༌གུན༌ལ༌ ཏན༌ཏན༌ ཧ༌གོ༌, ཡང༌ ཁོང༌གུན༌ནི༌ ང༌ ཉེ༌རང༌ངི༌ ཀལ༌ལ༌ ཛད༌ཁན༌བོའ༌ ཨིད༌ཤེས༌།"
"ངའེ༌ ཁོང༌གུན༌ནི༌ ཕིའ༌ མོས༌ལམ༌ ཞུའད༌, ངའེ༌ ཇིག༌རྟེན༌པ༌གུན༌ མན༌པ༌ ཉེ༌རང༌ངི༌ ང༌ སལ༌ལ༌ ཛད༌ཁན༌གུན༌ནི༌ ཕིའ༌ མོས༌ལམ༌ ཞུའད༌, ཅིའ༌ཟེར༌ན༌ ཁོང༌གུན༌ ཉེ༌རང༌ངི༌ ཨིན༌ནོག༌། 10 ངའེ༌ ཨིན༌ཁན༌ ཚང༌མ༌ ཉེ༌རང༌ངི༌ ཨིན༌ ཡང༌ ཉེ༌རང༌ངི༌ ཨིན༌ཁན༌གུན༌ ངའེ༌ ཨིན༌། ངའ༌ ཁོང༌གུན༌ གྱུད༌ཏེ༌ སྤལ༌ ཐོབས༌ཏེ༌ ཨིན༌། 11 ང༌ འི༌ ཇིག༌རྟེན༌ནི༌ ནང༌ང༌ མང༌པོ༌ཞིག༌ མི༌ལུས༌, ཁོང༌གུན༌ ཏ༌རུང༌ ཇིག༌རྟེན༌ནི༌ ནང༌ང༌ ལུས༌ཨིན༌, ང༌ ཉེ༌རང༌ངི༌ཀ༌ ཡོང༌ངད༌། ཀྱེ༌ ཡབ༌ དམ༌པ༌ལེ༌, ཀ༌ཟུག༌ ང༌དང༌ ཉིས༌ཀོ༌ ཅིག༌ ཨིན༌ ཏེན༌ན༌ ཙོགས༌ལ༌ ཁོང༌གུན༌ནའང༌ ཅིག༌གྲིལ༌ ལུས༌ཤེས༌སི༌ ཕིའ༌ ཉེ༌རང༌ངི༌ ངའ༌ སལ༌ལ༌ ཛད༌ཁན༌ནི༌ ཝང༌ཆའེ༌ ནང༌ང༌ ཁོང༌གུན༌ སྐྱོབས༌ཏེ༌ བོར༌ར༌ ཛད༌། 12 ང༌ ཁོང༌གུན༌ ཉམ༌པོ༌ ཡོད༌ ཟ༌ནེ༌, ངའེ༌ ཁོང༌གུན༌ ཉེ༌རང༌ངི༌ སལ༌ལ༌ ཛད༌ཁན༌ནི༌ ཝང༌ཆ༌ གྱུད༌ཏེ༌ སྐྱོབས༌ཏེ༌ བོར༌པིན༌། དམ༌པའེ༌ སུང༌རབས༌སི༌ ནང༌ང༌ བྲིའ༌ ཛད༌ཁན༌བོ༌ གྲུབ༌ཅེས༌ལ༌, ཁོང༌གུན༌ནི༌ ཕྲོ༌ནེ༌ ཉལ༌ཝའེ༌ ནང༌ང༌ ལེབ༌ཅེས༌ སྐལ༌ཏེ༌ ཡོད༌ཁན༌ ཅིག༌ཅིག༌ མ༌སྟོགས༌, སུ༌ཞིག༌གའང༌ མ༌སྟོར༌།"
13 "ང༌ ཉེ༌རང༌ངི༌ཀ༌ ཡོང༌ངད༌, ཨིན༌ནའང༌ ང༌ འི༌ ཇིག༌རྟེན༌ནི༌ ནང༌ང༌ ཡོད༌ ཟ༌ནེ༌ ཁོང༌གུན༌ལ༌ ངའེ༌ ཐད༌པོ༌ གང༌པོ༌ ཐོབ༌ཅེས༌སི༌ ཕིའ༌, ངའེ༌ འི༌གུན༌ ཟེར༌པིན༌། 14 ངའེ༌ ཁོང༌གུན༌ལ༌ ཉེ༌རང༌ངི༌ བཀའ༌ ཏངས༌པིན༌, ཡང༌ ཇིག༌རྟེན༌པ༌གུན༌ནི༌ ཁོང༌གུན༌ལ༌ ནཕ༌རད༌ ཅོས༌, ཅིའ༌ཟེར༌ན༌ ང༌ ཇིག༌རྟེན༌ནེ༌ མན༌ཁན༌ ཙོགས༌ལ༌ ངའེ༌ ལོབ༌ཕྲུགས༌གུན༌ནའང༌ ཇིག༌རྟེན༌ནེ༌ མན༌། 15 ངའེ༌ མོས༌ལམ༌ ཞུ༌ཅེས༌པོ༌ ནི༌, ཉེ༌རང༌ང༌ ཁོང༌གུན༌ འི༌ ཇིག༌རྟེན༌ནེ༌ ཁྱེར༌ཅེས༌སི༌ ཕིའ༌ མན༌པ༌, ཁོང༌གུན༌ ཤེ༌ཏན༌ནེ༌ སྐྱོབས༌ཏེ༌ བོར༌ར༌ ཛད༌ཅེས༌སི༌ ཕིའ༌ ཨིན༌། 16 ང༌ ཇིག༌རྟེན༌ནེ༌ མན༌ཁན༌ ཙོགས༌ལ༌ ངའེ༌ ལོབ༌ཕྲུགས༌གུན༌ནའང༌ ཇིག༌རྟེན༌ནེ༌ མན༌། 17 ཉེ༌རང༌ངི༌ བཀའ༌ དེན༌བ༌ ཨིན༌ནོག༌ ཏེན༌ན༌ དེན༌བ༌བོ༌ ཉམ༌པོ༌ ཁོང༌གུན༌ རྩང༌མ༌ ཅོའ༌ ཛད༌། 18 ཉེ༌རང༌ངི༌ ང༌ འི༌ ཇིག༌རྟེན༌ནི༌ ནང༌ང༌ ཀལ༌ལ༌ ཛད༌ཁན༌ ཙོགས༌ལ༌ ངེའང༌ ཁོང༌གུན༌ ཇིག༌རྟེན༌ནི༌ ནང༌ང༌ ཀལ༌ལད༌། 19 ཉེ༌རང༌ངི༌ དེན༌བ༌ ཉམ༌པོ༌ ཁོང༌གུན༌ དམ༌པ༌ ཅོ༌ཅེས༌སི༌ ཕིའ༌ ངའེ༌ ང༌རང༌ ཁོང༌གུན༌ནི༌ ཏོན༌ལ༌ དམ༌པ༌ ཆོད༌པའེ༌ ཚུལ༌ལ༌ ཕུལ༌ལད༌།"
ཏད༌པ༌ ཅོ༌ཅེས༌ཅན༌གུན༌ནི༌ ཕིའ༌ ཡེ༌ཤུའི༌ མོས༌ལམ༌ ཞུས༌།
17:20 ནེ༌ 26
20 "ངའེ༌ མོས༌ལམ༌ ཁོང༌གུན༌ ཅིག༌པོ༌ མན༌པ༌, ཁོང༌གུན༌ནི༌ ལོན༌ གྱུད༌ཏེ༌ ངའེ༌ཀ༌ ཏད༌པ༌ ཁྱོང༌ཅེས༌ཅན༌གུན༌ནི༌ ཕིའང༌ ཨིན༌། 21 ངའེ༌ ཁོང༌ ཚང༌མ༌ ཅིག༌ གྱུར༌ཅེས༌སི༌ ཕིའ༌ མོས༌ལམ༌ ཕུལ༌ལད༌། ཀྱེ༌ ཡབ༌, ཀ༌ཟུག༌ ང༌ ཉེ༌རང༌ངི༌ ནང༌ང༌ ཡང༌ ཉེ༌རང༌ ངའེ༌ ནང༌ང༌ ཞུགས༌ཏེ༌ ཨིན༌, ཉེ༌རང༌ངི༌ ང༌ ཀལ༌ལ༌ ཛད༌ཁན༌བོའེ༌ཀ༌ ཇིག༌རྟེན༌པ༌གུན༌ནི༌ ཏད༌པ༌ ཁྱོང༌ཅེས༌སི༌ ཕིའ༌, ཁོང༌གུན༌ནའང༌ ང༌དང༌ ཉིས༌ཀོའེ༌ ནང༌ང༌ དུག༌ ཅུག༌ག༌ ཛད༌།"
22 "ང༌དང༌ ཉིས༌ཀོ༌ ཅིག༌ ཨིན༌ན༌ ཙོགས༌ལ༌ ཁོང༌གུན༌ ཅིག༌ གྱུར༌ཅེས༌སི༌ ཕིའ༌ ངའེ༌ ཉེ༌རང༌ངི༌ ངའ༌ སལ༌ཁན༌ནི༌ སྤལ༌བོ༌ ཁོང༌གུན༌ལ༌ ཏངས༌པིན༌། 23 ང༌ ཁོང༌གུན༌ནི༌ ནང༌ང༌ ཡང༌ ཉེ༌རང༌ ངའེ༌ ནང༌ང༌ ཡོད༌། ཉེ༌རང༌ངི༌ ང༌ ཀལ༌ལ༌ ཛད༌ཁན༌ དང༌ ཉེ༌རང༌ངི༌ ངའ༌ ཅམས༌པ༌ ཛད༌ཁན༌ ཙོགས༌ ཏད༌པ༌ཅན༌གུན༌ལའང༌ ཅམས༌པ༌ ཛད༌ཅེས༌, ཇིག༌རྟེན༌པ༌གུན༌ལ༌ ཧ༌གོ༌ཅེས༌སི༌ ཕིའ༌ ཁོང༌གུན༌ ཅི༌ས༌ཐོག༌ནེ༌ ཅིག༌གྲིལ༌ གྱུར༌ ཅུག༌ག༌ ཛད༌། 24 ཀྱེ༌ ཡབ༌ལེ༌, ཉེ༌རང༌ངི༌ ང༌ སལ༌ཁན༌གུན༌ ང༌ ཆ༌སའེ༌ ནས༌ས༌ ངའ༌ ཉམ༌པོ༌ ཡོང༌ ཅུག༌ག༌ ཛད༌ཅེས༌ལ༌ ངའེ༌ དོད༌པ༌ ཅོའད༌། ཏེ༌ནེ༌ ཁོང༌གུན༌ནི༌ ཉེ༌རང༌ངི༌ ང༌ སལ༌ལ༌ ཛད༌ཁན༌ནི༌ སྤལ༌བོ༌ ཐོང༌ ཐུབ༌ཨིན༌, ཅིའ༌ཞུ༌ན༌ ཉེ༌རང༌ངི༌ ཇིག༌རྟེན༌ ཆགས༌སི༌ སང༌ སྔུན༌ལ༌ ང༌ ཅམས༌པ༌ ཛད༌དད༌པིན༌།
25 དྲང༌པོ༌ ཡབ༌ལེ༌, ཇིག༌རྟེན༌པ༌གུན༌ནི༌ ཉེ༌རང༌ མ༌ཤེས༌ནའང༌, ངའེ༌ ཉེ༌རང༌ ཤེས༌སད༌, ཡང༌ ངའེ༌ ལོབ༌ཕྲུགས༌གུན༌ནི༌ ཉེ༌རང༌ངི༌ ང༌ ཀལ༌ལ༌ ཛད༌ཁན༌བོ༌ ཤེས༌ས༌ནོག༌། 26 ངའེ༌ ཁོང༌གུན༌ལ༌ ཉེ༌རང༌ སྔོན༌ཅུགས༌པིན༌, ཏ༌རུང༌ངའང༌ སྔོན༌ཅུག༌ཨིན༌ ཨིན༌། ཏེ༌ནེ༌ ཉེ༌རང༌ངི༌ ངའེ༌ ཕིའ༌ ཅམས༌པ༌ ཡོད༌ཁན༌བོ༌ ཁོང༌གུན༌ནི༌ ནང༌ང༌ ཡང༌ ངའང༌ ཁོང༌གུན༌ནི༌ ནང༌ང༌ ལུས༌ཨིན༌།"