4
1 དཀོན༌མཆོག༌ དང༌ མ༌ཤི༌ཀ༌ ཡེ༌ཤུ༌ ཁོང༌རང༌ངི༌ གྱལ༌སྲིད༌ སྐྱོང༌ཅེས༌ལ༌ སྐྱོད༌ ཟ༌ནེ༌, ཁོང༌ངི༌ སོན༌པོ༌ དང༌ ཤི༌ཁན༌ ཉིས༌ཀོའེ༌ ཁྲིམས༌ཅད༌ ཛད༌ཨིན༌། ཁོང༌ ཉིས༌ཀོའེ༌ སྐུན༌དུན༌ལ༌ ངའེ༌ ཁྱོ༌རང༌ང༌ སྙིང༌ནེ༌ སྤང༌པུད༌དད༌: 2 སྐབས༌ ཡོད༌གྲོ༌, ཡ༌ མེད༌གྲོ༌, དཀོན༌མཆོག༌གི༌ བཀའ༌གུན༌ ཤད༌ཅེས༌ལ༌ གྲལ༌གྲིག༌ དུག༌། ཟོད༌པ༌ དང༌ ལབ༌ཞ༌ ཟང༌པོ༌ ཉམ༌པོ༌ ཁྱོ༌རང༌ངི༌ མི༌གུན༌ལ༌ སྐྱོན༌རྗོད༌ ཅོས༌, ལམ༌ དྲང༌པོ༌ སྟོན༌, ཡང༌ སྤོས༌པ༌ ཏོང༌།
3 ཏེ༌ཟུག༌ ཏུས༌ཤིག༌ ལེབ༌ཨིན༌, མི༌གུན༌ནི༌ དེན༌བ༌ དང༌ ཟང༌པོའེ༌ ལབ༌ཞ༌ གུན༌ལ༌ མ༌ཉན༌ན༌, ཁོ༌རང༌གུན༌ནི༌ དོད༌པའེ༌ གྱབ༌ནེ༌ གྲུལ༌ཨིན༌ ཡང༌ ཁོང༌ངི༌ ནམ༌ཅོག༌གི༌ ཉན༌ཉིན༌ གྲོ༌ཁན༌གུན༌ ཤད༌ཁན༌ནི༌ གེར༌གན༌ རིག༌ ཙལ༌ཨིན༌། 4 ཁོང༌གུན༌ནི༌ ནམ༌ཅོག༌གུན༌ དེན༌བ༌ནེ༌ ཐག༌རིང༌ང༌ ཁྱེར༌ཏེ༌ ཅོས༌མའི༌ རུངས༌གུན༌ ཆོགས༌ལ༌ གྱུར༌ཨིན༌།
5 ཨིན༌ནའང༌ ཏེ༌ཙོགས༌སི༌ ནས༌ལུག༌ ཚང༌མའེ༌ ནང༌ང༌ ཁྱོ༌རང༌ངི༌ ཤང༌ ཅོས༌ཏེ༌ སལ༌པོ༌ སམ༌བ༌ ཏང༌གོ༌ཤེས༌ ཨིན༌ནོག༌། གཙོ༌བོའེ༌ ཕིའ༌ རྡུག༌ངལ༌ ཁུར༌ཅེས༌ལ༌ ཇིགས༌ མ༌ཇིགས༌, ཞན༌མ༌གུན༌ལ༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཅེས༌སི༌ ལས༌གུན༌ ཅོས༌, ཡང༌ ཁྱོ༌རང༌ང༌ དཀོན༌མཆོག༌གི༌ ཅོའ༌ལ༌ སལ༌ཁན༌ནི༌ ཁག༌ ཚང༌མ༌ ཅོས༌།
6 ང༌རང༌ངི༌ སྐོར༌ལ༌ ཟེར༌ན༌ ངའེ༌ མི༌ཚེ༌བོ༌ ནི༌, དཀོན༌མཆོག༌ག༌ ཕུལ༌ཁན༌ནི༌ ཆུའི༌ ཆུ༌ཕུད༌ ཙོགས༌ལ༌ ཕུལ༌ཨིན༌ ཨིན༌, ང༌ ཤི༌ཅེས༌སི༌ ཏུས༌པོ༌ ཉེ༌མོའ༌ ལེབས༌ཏེ༌ དུག༌། 7 རྩལ༌ཡངས༌ རྩེ༌ཁན༌ཞིག༌ ཙོགས༌ལ༌, ངེའང༌ གྲན༌དུར༌ གྱལ༌ལ༌ ཅོས༌ཏེ༌ ཏངས༌པིན༌, ངའེ༌ བང༌གྱུགས༌ ཏང༌ ཚར༌ཏེ༌ ཨིན༌, ཡང༌ ངའེ༌ ཏད༌པ༌ མ༌ཕང༌ང༌ སྟན༌པོ༌ ཡོད༌། 8 ཏ༌ དྲང༌པོའེ༌ ཐོར༌ཤོག༌པོ༌ ངའེ༌ ཕིའ༌ སྲུངས༌ཏེ༌ ཡོད༌, ཀ༌བོ༌ ཁྲིམས༌ཅད༌ སལ༌ཁན༌ནི༌ གཙོ༌བོ༌ དྲང༌པོའེ༌, ཁོང༌ ལོགས༌ཏེ༌ ཕེབས༌ཤེས༌སི༌ ཞག༌པོའ༌ ངའ༌ སལ༌ལ༌ ཛད༌ཨིན༌། ཡང༌ ཏེ༌ སོལ༌རས༌པོ༌ ང༌རང༌ ཅིག༌པོའ༌ མན༌པ༌, ཁོང༌ ཇལ༌ཅེས༌ལ༌ མ༌སྲན༌ཏྲེ༌ དོད༌པ༌ ཆེན༌མོ༌ བོར༌ཁན༌ ཚང༌མའེ༌ ཕིའང༌།
པ༌འུ༌ལུའི༌ སྟིང༌ཇུག༌གི༌ ལབ༌ཞ༌།
4:9 ནེ༌ 18
9 ཏི༌མོ༌ཐི༌, ཇུ༌ཇུ༌ འི༌རུ༌ གྱོགས༌པ༌ ཡོང༌ཅེས༌སི༌ རྩོན༌གྲུས༌ ཅོས༌། 10 སྤུན༌ དེ༌མཱས༌སི༌ འི༌ ཇིག༌རྟེན༌ནི༌ སྐྱིད༌པོ༌གུན༌ལ༌ ཅེས༌པ༌ ཅོ༌ཅེས༌པོའེ༌, ང༌ ཕངས༌ཏེ༌ ཐེ༌ས༌ལོ༌ནི༌ཀའེ༌ གྱལ༌ས༌ སོང༌། ཀིརིས༌ཀེན༌ ནི༌ གཱ༌ལ༌ཏི༌ཡཱ༌ ཡང༌ ཏི༌ཏུས༌ ནི༌ དལ༌མེ༌དིཡ༌ ཡུལ༌གུན༌ལ༌ སོང༌ཏེ༌ མེད༌། 11 ང༌ ཉམ༌པོ༌ ལུ༌ཀ༌ ཅིག༌པོ༌ ཡོད༌། ཁྱོ༌རང༌ ཡོང༌ ཟ༌ནེ༌, མར༌ཀུས༌སའང༌ ཉམ༌པོ༌ ཁྲིད༌ཏེ༌ ཁྱོང༌, ཅིའ༌ཟེར༌ན༌ ངའེ༌ ཞབ༌སྟོག༌གི༌ ལས༌སི༌ ནང༌ང༌ ཁོ༌ མ༌ ཕན༌ཐོགས༌ཅན༌ཞིག༌ ཨིན༌། 12 ཏི༌ཁི༌ཀུས༌ ངའེ༌ ཨེ༌ཕེ༌སས༌སི༌ གྱལ༌ས༌ ལམ༌ཅུགས༌པིན༌། 13 ཁྱོ༌རང༌ ཡོང༌ ཟ༌ནེ༌, ཏྲོ༌འེས༌སི༌ གྲོང༌ཁྱེར༌རི༌ ནང༌ང༌ ཡོད༌ཁན༌ནི༌ ཀར༌པུས༌སི༌ ཁང༌པའེ༌ ནང༌ང༌ ངའེ༌ བོར༌ཏེ༌ ཡོད༌ཁན༌ནི༌ ཀོས༌པོ༌ ཁུར༌ཏེ༌ ཁྱོང༌། ངའེ༌ ཤོག༌རིལ༌ ༼སྤེ༌ཆའང༌༽ ཁུར༌ཏེ༌ ཁྱོང༌, མིག༌སལ༌ལི༌ ར༌མའེ༌ པགས༌པ༌ ཅོས༌ཁན༌གུན༌།
14 ལྕགས༌ལས༌ ཅོ༌ཁན༌ ཨ༌ལེག༌ཟན༌དེར༌རི༌, ང༌ མང༌པོ༌ ནོད༌པ༌ སྐྱལས༌, ཨིན༌ནའང༌ ཁོའེ༌ ཅོ༌ཁན༌གུན༌ལ༌ གཙོ༌བོའེ༌ ཁྲིམས༌ཅད༌ སལ༌ལ༌ ཛད༌ཨིན༌། 15 ཁྱོ༌རང༌ངའང༌ ཁོའེ༌ ཀ༌ནེ༌ ཤང༌ ཅོས༌, ཅིའ༌ཟེར༌ན༌ ང༌ཞའེ༌ ལབ༌ཞ༌གུན༌ལ༌ ཁོའེ༌ མ༌སྲན༌ཏྲེ༌ གྱབ༌གལ༌ ཅོས༌ཏེ༌ ཨིན༌པིན༌།
16 ང༌ ཁྲིམས༌པོན༌ནི༌ དུན༌ལ༌ ཏང༌པོ༌རང༌ ཁྲིད༌ཏེ༌ ཁྱེར༌ ཟ༌ནེ༌, སུ༌ཞིག༌གའང༌ ངའ༌ རོགས༌ལ༌ མ༌ཡོངས༌། ཚང༌མའེ༌ ང༌ ཕངས༌ཏེ༌ སོང༌། དཀོན༌མཆོག༌གི༌ ཏེ༌གུན༌ནི༌ཀ༌ སྐྱོན༌ ཀལ༌ལ༌ མ༌ཛད༌ཤིག༌། 17 ཨིན༌ནའང༌ ངའེ༌ གའ༌མོའེ༌ ནས༌ཚུལ༌ གང༌པོ༌ ཤད༌ཐུབ༌ཏེ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌ ཚང༌མའེ༌ ཚོར༌ཅེས༌སི༌ ཕིའ༌, གཙོ༌བོ༌ ང༌ ཉམ༌པོ༌ ཞུགས༌ས༌ ཛད༌ཏེ༌ ངའ༌ ཤེད༌ སལ༌ལ༌ ཛདས༌། ཡང༌ ཁོང༌ངི༌ སིང༌གེ༌གུན༌ལ༌ ཟའ༌ཅུག༌ཅེས༌སི༌ ཆད༌པའེ༌ ཀ༌ནེ༌ ངའ༌ ཐར༌ ཅུག༌ག༌ ཛདས༌། 18 འོ༌ན༌, གཙོ༌བོའེ༌ ངའ༌ ངན༌པའེ༌ སྤུང༌གོལ༌ ཅོ༌ཅེས༌ཅན༌ ཚང༌མའེ༌ ཀ༌ནེ༌ སྐྱོབས༌ཏེ༌ ཁོང༌རང༌ངི༌ ནམ༌ཁའེ༌ གྱལ༌སྲིད༌དི༌ ནང༌ང༌ ངའ༌ ཁམ༌ཟང༌ ཁྲིད༌ཏེ༌ ཁྱེར༌ར༌ ཛད༌ཨིན༌། དཀོན༌མཆོག༌ག༌ ཏུས༌གྱུན༌ནེ༌གྱུན༌ སྲོག༌ ཡོད༌ཁན༌ ཚང༌མའེ༌ ཀ༌ནེ༌ སྤལ༌ ཐོབ༌ཤིག༌, ཨ༌མེན༌།
པ༌འུ༌ལུའི༌ སྟིང༌ཇུག༌གི༌ ཇུ༌།
4:19 ནེ༌ 22
19 པིརི༌སི༌ལ༌ དང༌ ཁོའེ༌ མག༌པ༌ ཨ༌ཀུའི༌ལའ༌ དང༌ སྤུན༌ ཨོ༌ནེས༌སི༌ཕོ༌རུས༌སི༌ ཁང༌པའེ༌ ནང༌ང༌ དུག༌ཁན༌ ཚང༌མ༌ལ༌ ངའེ༌ ཆོགས༌ནེ༌ ཇུ༌ ཟེར༌། 20 ཨེ༌རས༌ཏུས༌ ཀོ༌རིན༌ཐི༌ གྱལ༌ས༌ དུགས༌, ཡང༌ སྤུན༌ ཏྲོ༌ཕི༌མུས༌ལ༌ ཟུ༌མོ༌ ཡོངས༌པ༌, ངའེ༌ མི༌ལི༌ཏུས༌སི༌ གྲོང༌ཁྱེར༌རི༌ ནང༌ང༌ བོར༌ཏེ༌ ཡོངས༌པིན༌།
21 དགུན༌ཏུས༌སི༌ སང༌ སྔུན༌ལ༌, འི༌རུ༌ ཡོང༌ཅེས༌སི༌ རྩོན༌གྲུས༌ སྲན༌ཏྲེ༌ ཅོས༌། སྤུན༌ ཨེའུ༌བུ༌ལུའས༌སི༌ ཁྱོ༌རང༌ང༌ ཇུ༌ ཀལ༌དུག༌, ཡང༌ ཏེན༌ན༌ ཙོགས༌ལ༌ སྤུན༌ པུ༌དེན༌, སྤུན༌ ལི༌ནུས༌, སྤུན༌མོ༌ ཀོལོ༌དི༌ཡ༌ ཡང༌, ཞན༌ སྤུན༌ ཚང༌མེའང༌ ཁྱོ༌རང༌ང༌ ཇུ༌ ཞུ༌རུག༌།
22 གཙོ༌བོ༌ ཁྱོ༌རང༌ངི༌ སེམས༌ཉིད༌ ཉམ༌པོ༌ ཞུགས༌ཤིག༌། ཡང༌ ཁོང༌ངི༌ ཐུག༌རྗེ༌ ཁྱོ༌ཞའ༌ ཚང༌མ༌ ཉམ༌པོ༌ ཞུགས༌ཤིག༌༎