པི༌ཏྲར༌རི༌ ཆག༌བྲིས༌ ཉིས༌པ༌།
པི༌ཏྲར༌རི༌ ཆག༌བྲིས༌ ཉིས༌པའེ༌ སྐོར༌།
འི༌ ཆག༌བྲིས༌ དང༌ སྔུན༌མའེ༌ ཆོས༌ཚོགས༌སི༌ འུ༌སྐྱོང༌གུན༌ གྱུད༌ཏེ༌, ང༌དང༌ང༌ འི༌ ཆག༌བྲིས༌པོ༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ སྐུ༌ཚབས༌ པི༌ཏྲར༌རི༌ བྲིའ༌ ཛད༌ཁན༌བོ༌ གྱུས༌ ཆའ༌ནོག༌།
ཡེ༌ཤུ༌ ཀྲོངས༌ཏེ༌ སོན༌ཏེའ༌ ཞངས༌ཏེ༌ སྟིང༌ནེ༌, ལོ༌ 35 ཉེ༌ཁོར༌ལ༌ པི༌ཏྲར༌ རོམ༌མི༌ གྱལ༌པོ༌ ནེ༌རོའེ༌ སད༌ཁན༌བོ༌ ང༌དང༌གུན༌ལ༌ གྱུས༌ཨིན༌ནོག༌། ཏེ༌བོའེ༌ཕིའ༌ ཆོས༌སི༌ ཁས༌པ༌གུན༌ནི༌ འི༌ ཆག༌བྲིས༌པོ༌ པི༌ཏྲར༌རི༌ མི༌ཚེའེ༌ སྟིང༌ཇུག༌གི༌ ཏུས༌སི༌ ནང༌ང༌, ཧ༌ལམ༌ ཡེ༌ཤུ༌ ཀྲོངས༌ཏེ༌ སོན༌ཏེའ༌ ཞངས༌ཏེ༌ ལོ༌ 32 ནེ༌ 35 ཉེ༌ཁོར༌ལ༌ བྲིའ༌ ཛད༌ཁན༌ནི༌ སམ༌བ༌ ཨིན༌ནོག༌།
པི༌ཏྲར༌རི༌ ཁོང༌རང༌ངི༌ ཆག༌བྲིས༌ ཏང༌པོ༌ བྲིའ༌ ཛད༌ཁན༌ནི༌ ཏེན༌ན༌ སྡེ༌ མ༌ཤི༌ཀ༌པ༌གུན༌ལ༌, འི༌ ཆག༌བྲིས༌པོའང༌ བྲིའ༌ ཛད༌ཏེ༌ ཨིན༌ཁན༌བོ༌ ཁོང༌ངི༌ ང༌དང༌གུན༌ལ༌ ཤད༌ད༌ ཛད༌དུག༌ ༼3:1༽།
པི༌ཏྲར༌ལ༌ ཁོང༌ ཤི༌ཅེས༌ ཉེ༌མོ༌ ཡོད༌ཁན༌བོ༌ གྱུས༌ཡོད༌པ༌, ཏད༌པ༌ཅན༌གུན༌ནི༌ ཕིའ༌ ཁོང༌ ཤི༌ཏེ༌ སྟིང༌ནེའང༌ ལུས༌ཤེས༌སི༌ ལབ༌ཞ༌ཞིག༌ བོར༌ཅེས༌ལ༌ ཐད༌དད༌པིན༌། ཁོང༌ངི༌ ཏད༌པ༌ཅན༌གུན༌ལ༌ འི༌ ཆག༌བྲིས༌ བྲི༌ཅེས༌སི༌ རྒྱམ༌ཚན༌གུན༌ ནི༌:-
ཏང༌པོ༌, ཏད༌པ༌ཅན༌གུན༌ ཏད༌པའེ༌ ནང༌ང༌ ལྡན༌ཏེ༌ སམ༌བ༌ཅན༌ གྱུར༌ཅེས༌།
ཉིས༌པ༌, མ༌ཤི༌ཀ༌ ལོགས༌ཏེ༌ ཕེབས༌སི༌ ཏུས༌ལ༌ འི༌ ཇིག༌རྟེན༌ དང༌ ནམ༌ཁའ༌ བྱུང༌ཅེས༌པོ༌ ཧ༌གོ༌ཅུག༌ཅེས༌།
སུམ༌པ༌, མ༌ཤི༌ཀ༌ ལོགས༌ཏེ༌ སྐྱོད༌ཅེས༌སི༌ ལོན༌བོ༌ མི༌ ཆོགས༌ནེ༌ མན༌པ༌, དཀོན༌མཆོག༌ནེ༌ ཨིན༌ཁན༌བོ༌ ཧ༌གོ༌ཅེས༌།
ཞི༌པ༌, ཤང༌ ཅོས༌ཏེ༌ ཟུས༌མའེ༌ ལོབ༌པོན༌གུན༌, ཁོང༌ངི༌ ལས༌ དང༌ ལབ༌ཞ༌ གྱུད༌ཏེ༌ ངོ༌ཤེ༌ཤེས༌༎
1
པི༌ཏྲར༌རི༌ ཇུ༌ ཞུས༌།
1:1 ནེ༌ 2
ང༌ ཤི༌མོན༌ པི༌ཏྲར༌, ཡེ༌ཤུ༌ མ༌ཤི༌ཀའེ༌ ཡོག༌པོ༌ དང༌ སྐུ༌ཚབས༌ ཨིན༌།
ངའེ༌ ང༌དང༌ངི༌ དཀོན༌མཆོག༌ དང༌ སྐྱབ༌གོན༌ ཡེ༌ཤུ༌ མ༌ཤི༌ཀ༌ གུན༌ནི༌ དྲང༌པོ༌ ཛད༌ཅེས༌པོའེ༌, ང༌ཞའ༌ ཙོགས༌ལ༌ ཏེན༌ན༌ རིན༌ཅན༌ ཏད༌པ༌ ཐོབ༌ཁན༌གུན༌ལ༌ འི༌ ཨི༌གེ༌བོ༌ བྲིའད༌།
ཁྱོ༌ཞ༌གུན༌ནི༌ བྲེལ༌བོ༌ དཀོན༌མཆོག༌ དང༌ ང༌དང༌ངི༌ གཙོ༌བོ༌ ཡེ༌ཤུའི༌ ནང༌ང༌ ལྡན༌ཨིན༌ ཆ༌ ཟ༌ནེ༌, ཁྱོ༌ཞ༌གུན༌ལ༌ ཐུག༌རྗེ༌ དང༌ ཞི༌དེ༌ མང༌ངི༌ སང༌ མང༌ང༌ ཐོབ༌ཤིག༌།
ཏད༌པའེ༌ ནང༌ང༌ ཡར༌གྱས༌།
1:3 ནེ༌ 11
ང༌དང༌ངི༌ དཀོན༌མཆོག༌གི༌ ལམ༌མི༌ ནང༌ང༌ གྲུལ༌ཨིན༌ མི༌ཚེ༌ ཕུད༌ཅེས༌སི༌ ཕིའ༌, དཀོན༌མཆོག༌གི༌ ཧ༌ལས༌ཤེས༌སི༌ ཤེད༌དི༌, ང༌དང༌གུན༌ལ༌ སྒོས༌དོམ༌ ཚང༌མ༌ སལ༌ལ༌ ཛདས༌། ང༌དང༌གུན༌ལ༌ ཏེ༌ ཚང༌མ༌ ཁོང༌ ཤེ༌ཤེས༌པོའེ༌ ཐོབ༌ཏེ༌ ཨིན༌ནོག༌, ཁོང༌ངི༌ ང༌དང༌ང༌ ཁོང༌རང༌ངི༌ ཟང༌པོ༌ དང༌ ཧ༌ལས༌ཤེས༌སི༌ སྤལ༌ གྱུད༌ཏེ༌, བོད༌ད༌ ཛདས༌། ཏེ༌གུན༌ནི༌ ཞས༌ཏེ༌, ཁོང༌ངི༌ ང༌དང༌གུན༌ལ༌ ཞལ༌ཆད༌ མ༌ ཆེན༌མོ༌ དང༌ རིན༌ཅན༌ གུན༌ སལ༌ལ༌ ཛདས༌། ཏེ༌ ཞལ༌ཆད༌གུན༌ནི༌, ང༌དང༌ང༌ ཇིག༌རྟེན༌ནི༌ ནང༌ང༌ ཡོད༌ཁན༌ནི༌ དོད༌པ༌ ངན༌པ༌གུན༌ནེ༌ ཐར༌ཅེས༌ དང༌, དཀོན༌མཆོག༌གི༌ ཐུགས༌དོད༌ དམ༌པའེ༌ ནང༌ང༌ ཁག༌ནེན༌ ཅུག༌ག༌ ཛདས༌།
དཀོན༌མཆོག༌གི༌ ཏེ༌ ཚང༌མ༌ ཅོའ༌ ཛད༌ པ༌སང༌, ཁྱོ༌ཞ༌གུན༌ནི༌ ཏད༌པའེ༌ ནང༌ངའང༌ འི༌ ཁྱུད༌ ཚང༌མ༌ ཁྱོང༌ཅེས༌སི༌ མ༌ རྩོན༌གྲུས༌ ཅོ༌ཤིག༌། ཁྱོ༌ཞའེ༌ ཏད༌པ༌ ཉམ༌པོ༌ སྕོད༌པ༌ ཟང༌པོ༌, སྕོད༌པ༌ ཟང༌པོ༌ ཉམ༌པོ༌ དཀོན༌མཆོག༌གི༌ ཐུགས༌ཐད༌ ཤེ༌ཤེས༌སི༌ ཡོན༌ཏན༌, དཀོན༌མཆོག༌གི༌ ཐུགས༌ཐད༌ ཤེ༌ཤེས༌སི༌ ཡོན༌ཏན༌ ཉམ༌པོ༌ རང༌སེམས༌ ཅུན༌ཉན༌ཁན༌, རང༌སེམས༌ ཅུན༌ཉན༌ཁན༌ ཉམ༌པོ༌ སྙིང༌རུས༌, སྙིང༌རུས༌ ཉམ༌པོ༌ དཀོན༌མཆོག༌གི༌ ལམ༌མི༌ཀ༌ གྲུལ༌ཁན༌ནི༌ མི༌ཚེ༌ཞིག༌ ཕུད༌ཉན༌ཁན༌, དཀོན༌མཆོག༌གི༌ ལམ༌མི༌ཀ༌ གྲུལ༌ཁན༌ནི༌ མི༌ཚེ༌ ཉམ༌པོ༌ སྤུན༌གུན༌ལ༌ ཅམས༌པ༌, ཡང༌ ཏེ༌ ཅམས༌པ༌ ཉམ༌པོ༌ ཚང༌མ༌ལ༌ སྙིང༌ནེ༌ ཅམས༌པ༌ ཡོང༌གོ༌ཤེས༌ ཨིན༌ནོག༌།
ཏ༌ གལ༌ཏེས༌ ཏེ༌ ཁྱུད༌ ཚང༌མ༌ ཁྱོ༌ཞའེ༌ ནང༌ང༌ གྱས༌ཨིན༌ ཆའད༌ན༌, ཏེ༌བོའེ༌ ཁྱོ༌ཞ༌གུན༌ནི༌ མི༌ཚེ༌ ང༌དང༌གུན༌ནི༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀ༌ ཤེ༌ཤེས༌སི༌ ནང༌ང༌ མང༌ང༌ བྲས༌བུ༌ སྨིན༌ཁན༌ དང༌ ཕན༌ཐོགས༌ཅན༌ གྱུར༌ཅུག༌ཨིན༌། ཨིན༌ནའང༌ ཏེ༌ཙོགས༌སི༌ ཁྱུད༌ མེད༌ཁན༌གུན༌ གྱལ༌ལ༌ ཅོས༌ཏེ༌ མ༌ཐོང༌ཁན༌ དང༌ ཞ༌ར༌ ཙོགས༌ ཨིན༌ནོག༌། ཡང༌ ཁོའེ༌ སྔུན༌ལ༌ ཅོས༌ཁན༌ནི༌ སྡིག༌པ༌གུན༌ དག༌ཅུག༌ག༌ ཛད༌ཁན༌བོ༌ ཞེད༌ཏེ༌ ཨིན༌ནོག༌།
10 ཏེ༌བོའེ༌ཕིའ༌ ཁྱོ༌ཞའ༌ སྤུན༌གུན༌ནིའང༌, དཀོན༌མཆོག༌གི༌ བོད༌ད༌ ཛད༌ཁན༌ དང༌, ལྡམ༌མ༌ ཛད༌ཁན༌ གུན༌ནི༌ ཕྲོ༌ནེ༌ ཨིན༌ཁན༌བོ༌, ལྟན༌ཅེས༌ལ༌ རྩོན༌གྲུས༌ ཅོ༌ཤིག༌། ཏེ༌ཟུག༌ ཅོ༌ན༌, དཀོན༌མཆོག༌གི༌ ནང༌ང༌ ཡོད༌ཁན༌ནི༌ ཏད༌པའེ༌ ཀ༌ནེ༌ ཁྱོ༌ཞ༌གུན༌ མ༌ནེ༌ མི༌གྱེལ༌། 11 ཏེ༌ནེ༌ ང༌དང༌གུན༌ནི༌ གཙོ༌བོ༌ དཀོན༌མཆོག༌ དང༌ སྐྱབ༌གོན༌ ཞུགས༌ཁན༌ནི༌ ཡེ༌ཤུ༌ མ༌ཤི༌ཀའེ༌, ཐའ༌མེད༌པའེ༌ གྱལ༌སྲིད༌དི༌ ནང༌ང༌ ཁྱོ༌ཞ༌གུན༌ལ༌ ཧ༌ལས༌ཤེས༌སི༌ གའ༌སུས༌ ཛད༌ཨིན༌།
དམ༌པའེ༌ སུང༌རབས༌ལ༌ སྣང༌ང༌ ཅོ༌ཅེས༌།
1:12 ནེ༌ 21
12 ཏེ༌བོའེ༌ཕིའ༌ ཞན༌ ཁྱོ༌ཞ༌གུན༌ལ༌ ཏེ༌ ལབ༌ཞ༌གུན༌ ཧ༌གོ༌ཏེ༌ ཏེ༌ དེན༌བ༌གུན༌ནི༌ཀ༌ སྟན༌པོ༌ དུགས༌ཏེ༌ ཨིན༌ནའང༌, ངའེ༌ ཁྱོ༌ཞ༌གུན༌ལ༌ འི༌ ལབ༌ཞ༌གུན༌ ཏུས༌གྱུན༌ ཨིད༌ཏུ༌ སྐུལ༌ཨིན༌། 13 ང༌ སོན༌ཏེའ༌ ཡོད༌ཡོད༌པོ༌, ཏེ༌གུན༌ ཨིད༌ཏུ༌ སྐུལ༌ཅེས༌ ངའེ༌ འོས༌པ༌ སམ༌མ༌རག༌། 14 ཨིན༌ནའང༌ ང༌ གྱོགས༌པ༌ འི༌ ཇིག༌རྟེན༌ནེ༌ ཆ༌གོ༌ཤེས༌པོ༌ གྱུས༌ཡོད༌, ཅིའ༌ཟེར༌ན༌ ང༌དང༌ངི༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ང༌ འི༌བོ༌ སྔོན༌ ཅུག༌ག༌ ཛདས༌། 15 ང༌ ཤི༌ཏེ༌ སྟིང༌ནེའང༌, ཁྱོ༌ཞ༌གུན༌ནི༌ འི༌ ལབ༌ཞ༌གུན༌ ཨིད༌ཏུ༌ བོར༌ཅེས༌སི༌ ཕིའ༌ ངའེ༌ རྩོན༌གྲུས༌ ཅོའད༌།
16 ང༌ཞའེ༌ ང༌དང༌ངི༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀ༌ ཝང༌ ཉམ༌པོ༌ ཡང༌སྐྱར༌ ལོགས༌ཏེ༌ སྐྱོད༌ཅེས༌སི༌ སྐོར༌གུན༌ ཤད༌ ཟ༌ནེ༌, སྐྱོན༌ཇན༌ རུངས༌གུན༌ མ༌ཅོའ༌, ཡེ༌ཤུའི༌ ཟིར༌རྗིད༌ ང༌ཞ༌རང༌ངི༌ མིག༌ནེ༌ ཇལ༌ཏེ༌ ཨིན༌པིན༌། 17-18 དཀོན༌མཆོག༌ ཡབ༌བི༌ ཆོགས༌ནེ༌ མ༌ཤི༌ཀའ༌ རྩི༌ཝ༌ དང༌ སྤལ༌ སལ༌ལ༌ ཛད༌ ཟ༌ནེ༌, ང༌ཞའང༌ ཁོང༌ ཉམ༌པོ༌ དམ༌པའེ༌ རི༌ཀ༌ ཡོད༌པིན༌། ཏེ༌ ཟིར༌རྗིད༌པོའེ༌ ནང༌ང༌, ནམ༌ཁའ༌ནེ༌ དཀོན༌མཆོག༌གི༌ སུང༌སྐད༌པོའེ༌, "འི༌བོ༌ ནི༌ ངའེ༌ ཅེས༌པའེ༌ བུ༌ཚ༌ ཨིན༌, ཁོ༌ ཉམ༌པོ༌ ང༌ མ༌སྲན༌ཏྲེ༌ ཐད༌པོ༌ ཨིན༌" མོལ༌ཨིན༌ ང༌ཞའེ༌ ཚོར༌། * 1:17 མད༌ཐཱའེ༌ སྤེ༌ཆའེ༌ 17:5; མར༌ཀུས༌སི༌ སྤེ༌ཆའེ༌ 9:7; ལུ༌ཀའེ༌ སྤེ༌ཆའེ༌ 9:35
19 ཏེ༌བོའེ༌ ཞས༌ཏེ༌ ང༌ཞ༌གུན༌ལ༌ ལུང༌སྟོན༌པ༌གུན༌ནི༌, གཙོ༌བོ༌ ཡེ༌ཤུའི༌ སྐོར༌ལ༌ བྲི༌ཁན༌གུན༌ནི༌ ནང༌ང༌ མང༌ང༌ ལོ༌ཁྱེལ༌ རག༌། ཡང༌ ཁྱོ༌ཞ༌གུན༌ནིའང༌ ཏེ༌གུན༌ནི༌ཀ༌ སྣང༌ང༌ མང༌ང༌ ཏང༌གོ༌ཤེས༌ ཨིན༌ནོག༌, ཅིའ༌ཟེར༌ན༌ ཁྱོ༌ཞ༌གུན༌ནི༌ ཕིའ༌ ཏེ༌གུན༌ ཉི༌མ༌ ཤར༌ཤར༌ ཚོག༌པ༌ལ༌ མུན༌གྲིག༌གི༌ ནང༌ང༌, འོད༌ ལྡང༌ཤན༌ཞིག༌ ཙོགས༌ ཨིན༌ནོག༌། ཏེ༌ནེ༌ ཁྱོ༌ཞ༌གུན༌ནི༌ སེམས༌སི༌ ནང༌ང༌ ནམ༌ལངས༌སི༌ སྐར༌ཆེན༌ མ༌ཤི༌ཀ༌ ཤར༌ར༌ ཛད༌ཨིན༌། 20 ཨིན༌ནའང༌ སྔུན༌ལ༌ ཁྱོ༌ཞ༌གུན༌ལ༌ འི༌བོ༌ ཧ༌གོ༌གོ༌ཤེས༌པོ༌ ཁག༌ཅན༌ ཨིན༌ནོག༌། དམ༌པའེ༌ སུང༌རབས༌སི༌ ལུང༌སྟན༌ནི༌ ཚིགས༌ ཅིག༌གའང༌ ལུང༌སྟོན༌པ༌ཞིག༌གི༌ རང༌ངི༌ སམ༌བ༌ ནང༌ཞིན༌ བྲིས༌ཏེ༌ མ༌ནོག༌། 21 ཅིའ༌ཟེར༌ན༌ ལུང༌སྟན༌ནི༌ ཚིགས༌ ཅིག༌གའང༌ མིའི༌ སམ༌བ༌ནེ༌ མ༌ཡོང༌ང༌, དམ༌པའེ༌ ཐུག༌ཉིད༌ གྱུད༌ཏེ༌ ལུང༌སྟོན༌པ༌གུན༌ནི༌ དཀོན༌མཆོག༌གི༌ ཞལ༌ཏ༌གུན༌ ཤད༌ཏེ༌ ཨིན༌ནོག༌།

*1:17-18 1:17 མད༌ཐཱའེ༌ སྤེ༌ཆའེ༌ 17:5; མར༌ཀུས༌སི༌ སྤེ༌ཆའེ༌ 9:7; ལུ༌ཀའེ༌ སྤེ༌ཆའེ༌ 9:35