ལུ༌ཀའེ༌ བྲིའ༌ཛད༌ཁན༌ནི༌ གའ༌མོའེ༌ ནས༌ཚུལ༌།
ལུ༌ཀའེ༌ སྤེ༌ཆའེ༌ སྐོར༌།
འི༌ སྤེ༌ཆ༌ བྲི༌ཁན༌ ལུ༌ཀའེ༌ "མ༌ཤི༌ཀའེ༌ སྐུ༌ཚབས༌གུན༌ནི༌ ཆག༌ལས༌སི༌ སྤེ༌ཆའང༌" བྲིའ༌ ཛད༌ཏེ༌ ཨིན༌ནོག༌། ཁོང༌ གྱལ༌ལ༌ སིལ༌ཁན༌ ཨམ༌ཆི༌ ཡང༌ན༌ དྲོག༌ཏྲར༌, ཡ༌ཧུ༌དཱ༌པ༌ མན༌ཁན༌ ཏད༌པ༌ཅན༌ དང༌ སྐུ༌ཚབས༌ པ༌འུ༌ལུའི༌ ཕྲོ༌པ༌ཞིག༌ ཨིན༌པིན༌། འི༌ སྤེ༌ཆ༌བོ༌ ཡེ༌ཤུ༌ ཀྲོངས༌ཏེ༌ སོན༌ཏེའ༌ ཞངས༌ཏེ༌ སྟིང༌ནེ༌ ལོ༌ ཉི༌ཤུ༌ ཙབ༌རྒྱད༌དི༌ ཉེ༌ཁོར༌ལ༌ བྲིའ༌ ཛད༌ཏེ༌ ཨིན༌ནོག༌།
ཁོང༌ངི༌ འི༌ སྤེ༌ཆ༌བོ༌ ཐེའུ༌ཕེ༌ལུས༌ ཟེར༌ཁན༌བོའ༌ བྲིའ༌ ཛདས༌། འི༌ ནང༌ང༌ ལུ༌ཀའེ༌ བྲི༌ཁན༌གུན༌ གྱུད༌ཏེ༌ ཁོ༌ མ༌ ཁག༌ཅན༌ སྤོན༌བོ༌ དང༌ ཡེ༌ཤུ༌ མ༌ཤི༌ཀའེ༌ཀ༌ ཏད༌པ༌ ཅོ༌ཁན༌ཞིག༌ ཨིན༌ཁན༌བོ༌ ང༌དང༌ང༌ ཧ༌གོའ༌ནོག༌།
ལུ༌ཀའེ༌ འི༌ སྤེ༌ཆ༌ བྲིའ༌ཛད༌ཅེས༌སི༌ གྱུན༌ཚན༌གུན༌།
ཏང༌པོ༌ ཇིག༌རྟེན༌པ༌གུན༌ནི༌ ཕིའ༌ ཡེ༌ཤུ༌ མ༌ཤི༌ཀ༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ སྐྱབ༌གོན༌ ཨིན༌ཁན༌བོ༌ སལ༌པོ༌ ཅོས༌ཏེ༌ ལྟན༌ཅེས༌།
ཉིས༌པ༌ ཡེ༌ཤུའི༌ མི༌ཚེའེ༌, ཁོང༌ ལྟམས༌པ༌ནེ༌ ཀྲོངས༌ཤེས༌ མ༌ཚད༌ སོན༌ཏེའ༌ ཞང༌ང༌ ཛད༌ཁན༌ ཚག༌པ༌, ཏུས༌ མང༌པོའེ༌ སྔུན༌ལ༌ དཀོན༌མཆོག༌གི༌ ལུང༌སྟོན༌པ༌གུན༌ནི༌ ལུང༌སྟན༌ སལ༌ཁན༌ ཚང༌མ༌ གྲུབ༌ ཅུག༌ག༌ ཛད༌ཁན༌བོ༌ ཤད༌ཅེས༌།
སུམ༌པ༌ ཡེ༌ཤུའི༌ མི༌ཚེ༌བོ༌ ཅི༌ཚང༌མའེ༌ ནང༌ང༌ སོ༌སོ༌, མིག༌སལ༌, ཅིག༌ཅིག༌ མ༌ནེ༌ མེད༌ཁན༌བོ༌ ལྟན༌ཅེས༌།
ཞི༌པ༌ ཡེ༌ཤུའ༌ རྡུག༌ངལ༌ ཐོངས༌ཏེ༌ རྐྱང༌ཤིང༌ངི༌ཀ༌ ཤི༌གོས༌ནའང༌ ཡེ༌རུ༌ཤ༌ལེམ༌མ༌ སྐྱོད༌ཅེས༌སི༌ ཐག༌ཅད༌ མ༌སྟན༌པོ༌ ཡོད༌པིན༌ ཅིའ༌ཟེར༌ན༌ ཏེ༌གུན༌ ཡང༌ ཁོང༌ སོན༌ཏེའ༌ ཞངས༌ཤེས༌ གྱུད༌ཏེ༌ ཇིག༌རྟེན༌པ༌གུན༌ནི༌ ཕིའ༌ ཁོང༌ སྐྱབ༌གོན༌ གྱུར༌ཅེས༌སི༌ དཀོན༌མཆོག༌གི༌ ཐབས༌ལྡིངས༌པོ༌ དྲན༌དྲའ༌ གྲུབ༌ཅེས༌ ཐུག༌གྱུས༌ ཡོད༌པིན༌།།
1
འི༌ ཆག༌བྲིས༌ བྲི༌ཅེས༌སི༌ སྐོར༌།
1:1 ནེ༌ 4
1 ཅེས༌པའེ༌ ཐེའུ༌ཕེ༌ལུས༌, གོ༌མའེ༌ ལོབ༌ཕྲུགས༌གུན༌ནི༌ དུན༌ལ༌ གཙོ༌བོ༌ ཡེ༌ཤུའི༌ མི༌ཚེའེ༌ ནང༌ང༌ བྱུང༌ཁན༌གུན༌ མི༌ མང༌པོའེ༌ དུམས༌ཏེ༌ ཚིར༌ ནང༌ཞིན༌ བྲི༌ཅེས༌སི༌ རྩོན༌གྲུས༌ ཅོས༌ཏེ༌ ཨིན༌ནོག༌། 2 གོ༌མའེ༌ ལོབ༌ཕྲུགས༌གུན༌ནི༌ མིག༌ནེ༌ ཐོང༌ཏེ༌ ང༌ཞའ༌ ཤད༌ཁན༌གུན༌ ཁོང༌གུན༌ནི༌ བྲིས༌ཏེ༌ ཨིན༌ནོག༌། 3 གོ༌ཟུག༌ནེ༌ པར༌ལ༌ ཅི༌ཚང༌མའ༌ གྱལ༌ལ༌ ཅོས༌ཏེ༌ རྩར༌ཅོད༌ ཏངས༌ཏེ༌ ངེའང༌ བྱུང༌ཁན༌གུན༌ ཚིར༌ ནང༌ཞིན༌, མ༌ རྩི༌ཝ༌ཅན༌ ཐེའུ༌ཕེ༌ལུས༌ ཉེ༌རང༌ངི༌ ཕིའ༌ བྲི༌ཅེས༌ ཐག༌ཅད༌པིན༌། 4 ཉེ༌རང༌ང༌ ཡེ༌ཤུའི༌ སྐོར༌ལ༌ ལབ༌ཞ༌ ཐོབ༌ཁན༌གུན༌ དྲང༌པོ༌ ཨིན༌ཁན༌བོ༌ ཏན༌ཏན༌ ཅོ༌ཅེས༌སི༌ ཕིའ༌ ངའེ༌ བྲིའད༌།
ཡོ༌ཧཱ༌ནན༌ ཁྲུས༌སལ༌ཁན༌ སྐྱེ༌ཅེས༌སི༌ ལུང༌སྟན༌།
1:5 ནེ༌ 25
5 ཧེ༌རོ༌དཱ༌, ཡ༌ཧུ༌དཱ༌ ཡུལ༌ཇོངས༌སི༌ གྱལ༌པོ༌ ཨིན༌ཏུས༌, ཟ༌ཀར༌ཡཱ༌ བླ༌མ༌གུན༌ནི༌ སྡེ༌ ཨ༌བི༌ཡཱའེ༌ ཟེར༌ཁན༌བོའེ༌ ཐུས༌མི༌ བླ༌མ༌ཞིག༌ ཨིན༌པིན༌། ཨ༌བི༌ཡཱའེ༌, བླ༌མ༌ ཆེན༌མོ༌ ཨ༌རོན༌ནི༌ པུར༌གྱུད༌ ཨིན༌པིན༌, ཡང༌ ཟ༌ཀར༌ཡཱའེ༌ ན༌མ༌ ཨེ༌ལི༌ས༌བེད༌དའང༌ ཨ༌རོན༌ནི༌ གྱུད༌ནེ༌ ཨིན༌པིན༌། 6 ཟ༌ཀར༌ཡཱ༌ དང༌ ཨེ༌ལི༌ས༌བེད༌ ཉིས༌ཀོ༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ དྲང༌པོ༌ མི༌རིག༌ ཨིན༌པིན༌ ཅིའ༌ཟེར༌ན༌, ཁོང༌གུན༌ནི༌ གཙོ༌བོ༌ དཀོན༌མཆོག༌གི༌ བཀའ༌རྒྱ༌ དང༌ ཁྲིམས༌ ཚང༌མའ༌ སྲུང༌ཅེས༌ལ༌ སྣང༌ང༌ གྱལ༌ལ༌ ཏང༌ངད༌པིན༌། 7 ཨིན༌ནའང༌ ཁོང༌གུན༌ལ༌ ཕྲུ༌གུ༌ མེད༌པིན༌ ཅིའ༌ཟེར༌ན༌ ཨེ༌ལི༌ས༌བེད༌ལ༌ ཕྲུ༌གུ༌ མ༌ཇོར༌ར༌, ཁོང༌གུན༌ སྒས༌ཏེ༌ ཡོད༌པིན༌།
8 ཟ༌ཀར༌ཡཱ༌ ཡོད༌ཁན༌ནི༌ བླ༌མའེ༌ ཁག༌པའེ༌ ཆོད༌ཁང༌ངི༌ ནང༌ང༌ ཞབ༌སྟོག༌ ཞུ༌ཅེས༌སི༌ ཁྲལ༌ ཨིན༌ ཟ༌ནེ༌ ཟ༌ཀར༌ཡཱའེ༌ ཆོད༌ཁང༌ངི༌ ནང༌ང༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ ཞབ༌སྟོག༌ ཞུའད༌པིན༌། 9 བླ༌མ༌གུན༌ནི༌ ལུག༌སྲོལ༌ ནང༌ཞིན༌ གྱན༌ གྱབས༌ཏེ༌ དཀོན༌མཆོག༌གི༌ ཆོད༌ཁང༌ངི༌ ནང༌ང༌ སྤོས༌ དུག༌ཅེས༌ལ༌ ཟ༌ཀར༌ཡཱའེ༌ མིང༌ བིང༌། 10 ཁོའེ༌ སྤོས༌ དུག༌ཨིན༌ ཡོད༌ ཟ༌ནེ༌ མི༌ཚོགས༌པོ༌ ཕི༌ལོག༌ག༌ དུགས༌ཏེ༌ མོས༌ལམ༌ ཞུའད༌པིན༌།
11 ཏེ༌ནེ༌ ཟ༌ཀར༌ཡཱ༌ གཙོ༌བོའེ༌ ཕོ༌ཉ༌ཞིག༌ སྤོས༌ དུག༌ཁན༌ནི༌ ཆོད༌ཁྲིའི༌ ཡས༌ ཆོགས༌ལ༌ ཞངས༌ཏེ༌ ཇལ༌། 12 ཟ༌ཀར༌ཡཱའེ༌ ཕོ༌ཉ༌བོ༌ ཇལ༌ལ༌ཅིག༌ ཁོ༌ དྲོགས༌ཏེ༌ སྲན༌ཏྲེ༌ ཇིགས༌། 13 ཨིན༌ནའང༌ ཕོ༌ཉའེ༌ ཁོའ༌ མོལས༌, "ཟ༌ཀར༌ཡཱ༌, ཇིགས༌ མ༌ཇིགས༌། དཀོན༌མཆོག༌གི༌ ཁྱོ༌རང༌ངི༌ མོས༌ལམ༌ སན༌ན༌ ཛདས༌། ཁྱོ༌རང༌ངི༌ ན༌མ༌ ཨེ༌ལི༌ས༌བེད༌ལ༌ བུ༌ཚ༌ཞིག༌ ཇོར༌ཨིན༌ ཡང༌ ཁྱོ༌རང༌ངི༌ ཁོའེ༌ མིང༌ང༌ ཡོ༌ཧཱ༌ནན༌ ཏོག༌། 14 ཁོའེ༌ ཁྱོ༌རང༌ང༌ གའ༌མོ༌ དང༌ སྐྱིད༌པོ༌ ཁྱོང༌ཨིན༌ ཡང༌ ཁོ༌ སྐྱེ༌ཅེས༌པོའེ༌ མི༌ མང༌པོའེ༌ གའ༌མོ༌ ཅོ༌ཨིན༌, 15 ཅིའ༌ཟེར༌ན༌ གཙོ༌བོ༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ ཁོ༌ མ༌ ཁག༌ཅན༌ གྱུར༌ཨིན༌། ཁོའེ༌ ཆང༌ ཡ༌ ཞན༌ ར༌རོ༌ཤེས༌གུན༌ ཐུང༌ མ༌གོས༌། སྐྱེས༌ སང༌ སྔུན༌ལ༌ ཁོ༌ ཨ༌མའེ༌ ཅང༌ཁོག༌ག༌ ཡོད༌ ཟ༌ནེའང༌ དམ༌པའེ༌ ཐུག༌ཉིད༌དི༌ གང༌ཨིན༌། 16 ཁོའེ༌ ཨིས༌ར༌ཨེལ༌པ༌ མང༌པོ༌ གཙོ༌བོ༌ ཁོང༌གུན༌ནི༌ དཀོན༌མཆོག༌གི༌ཀ༌ ལོགས༌ཏེ༌ ཁྱོང༌ཨིན༌། 17 ལུང༌སྟོན༌པ༌ ཨེ༌ལི༌ཡཱའ༌ ཙོགས༌སི༌ སེམས༌ཉིད༌ དང༌ ཝང༌ ཉམ༌པོ༌ ཁོ༌ གཙོ༌བོའེ༌ སྔུན༌ལ༌ སོང༌ཏེ༌, ཨ༌བ༌ དང༌ ཕྲུ༌གུ༌ གུན༌ནི༌ ནང༌ང༌ ཐུན༌བྲེལ༌ ཆ༌ཅུག༌ཨིན༌, ཡང༌ ཁའ༌ མི༌ཉན༌ཁན༌གུན༌ དཀོན༌མཆོག༌གི༌ སྕོད༌ལམ༌མི༌ ནང༌ང༌ གྲུལ༌ཁན༌གུན༌ནི༌ ཤེས༌རབས༌གུན༌ལ༌ ཉན༌ཅུགས༌ཏེ༌ གཙོ༌བོ༌ སྐྱོད༌ཅེས༌སི༌ ཏུས༌སི༌ ཕིའ༌ མི༌གུན༌ གྲལ༌གྲིག༌ ཅོ༌ཨིན༌།"
18 ཏེ༌ནེ༌ ཟ༌ཀར༌ཡཱའེ༌ ཕོ༌ཉའ༌ ཟེརས༌, "ཉེ༌རང༌ངི༌ མོལ༌ཁན༌གུན༌ ཏན༌ཏན༌ བྱུང༌ཅེས༌པོ༌ ང༌ ཀ༌ཟུག༌གི༌ ཨིད༌ཤེས༌ ཨིན༌? ཅིའ༌ཟེར༌ན༌ ང༌ སྒས༌ ཡང༌ ངའེ༌ ན༌མའེ༌ ལོའང༌ ཆེན༌མོ༌ ཨིན༌ནོག༌།"
19 ཕོ༌ཉའེ༌ མོལས༌, "ངའ༌ གབ༌རི༌ཨེལ༌, དཀོན༌མཆོག༌གི༌ སྐུན༌དུན༌ལ༌ ལངས༌ཏེ༌ དུག༌ཁན༌ ཡང༌ ཁྱོ༌རང༌ང༌ འི༌ ལོན༌ ཟང༌པོ༌བོ༌ ཤད༌ད༌ལ༌ ཀལ༌ལ༌ ཛད༌ཏེ༌ ཨིན༌། 20 ཨིན༌ནའང༌ ཁྱོ༌རང༌ངི༌ ངའེ༌ ཟེར༌ཁན༌གུན༌ ཨིད༌ མ༌ཤེས༌པ༌, ཁྱོ༌རང༌ངི༌ བུ༌ཚ༌ སྐྱེ༌སྐྱེ༌ ཚོག༌པ༌ ཁྱོ༌རང༌ ཧན༌གྲང༌ གྱུར༌ཏེ༌ སྤེ༌ར༌ ཏང༌ མི༌ཉན༌, ཅིའ༌ཟེར༌ན༌ ངའེ༌ ཟེར༌ཁན༌གུན༌ ལྡམ༌མ༌ ཛད༌ཁན༌ནི༌ ཏུས༌སི༌ཀ༌ དྲན༌དྲའ༌ གྲུབ༌ཨིན༌།"
21 ཏེན༌ན༌ ཟ༌ནེ༌ ཕི༌ལོག༌ག༌ སྲུངས༌ཏེ༌ ཡོད༌ཁན༌གུན༌ནི༌ ཟ༌ཀར༌ཡཱ༌ ཆོད༌ཁང༌ངི༌ ནང༌ང༌ ཅི༌ཕིའ༌ མང༌པོ༌ གོར༌ར༌ནོག༌ སམ༌། 22 ཟ༌ཀར༌ཡཱ༌ ཕི༌ལོག༌ག༌ བིང༌ང༌ཅིག༌ སྤེ༌ར༌ ཏང༌ མ༌ཉན༌། ཁོའ༌ ཆོད༌ཁང༌ངི༌ ནང༌ང༌ ཞལ༌ཟིགས༌ ཐོང༌ཁན༌བོ༌ ཁོང༌གུན༌ལ༌ ཧ༌གོ༌, ཅིའ༌ཟེར༌ན༌ སྤེ༌ར༌ ཏང༌ མ༌ཉན༌པ༌ ཁོའེ༌ ལག༌པ༌ ཉམ༌པོ༌ སྟགས༌ ཅོས༌།
23 བླ༌མའེ༌ ཞབ༌སྟོག༌ ཞུ༌ཅེས༌སི༌ ཏུས༌ ཚར༌ར༌ཅིག༌, ཁོ༌ ཁང༌པའ༌ ལོགས༌ཏེ༌ སོང༌། 24 ཏུས༌བན༌ཤིག༌གི༌ སྟིང༌ནེ༌ ཁོའེ༌ ན༌མ༌ ཨེ༌ལི༌ས༌བེད༌ ཕན༌ཅེས༌མ༌ གྱུར༌, ཡང༌ ཁོ༌ ཟླ༌ཝ༌ ལྔ༌ ཚག༌པ༌ སུའང༌ མ༌ཐུག༌ག༌ ཁང༌པ༌ དུགས༌། 25 ཨེ༌ལི༌ས༌བེད༌དི༌ ཟེརས༌, "ང༌ ཕྲུ༌གུ༌ མི༌ཇོར༌ཅེས༌སི༌ ཁྲེལ༌བ༌བོ༌ མི༌གུན༌ནི༌ དུན༌ལ༌ མེད༌ཁན༌ ཛད༌ཏེ༌ གཙོ༌བོ༌ དཀོན༌མཆོག༌གི༌ ངའེ༌ཀ༌ ཙམ༌ཤིག༌གི༌ ཐུག༌རྗེ༌ ཛད༌ཏེ༌ ཨིན༌ནོག༌།"
གཙོ༌བོ༌ ཡེ༌ཤུ༌ ལྟམ༌ཤེས༌སི༌ ལུང༌སྟན༌།
1:26 ནེ༌ 38
26 ཨེ༌ལི༌ས༌བེད༌ སྐྱེ༌ཅེས༌ མ༌གྱུར༌ཏེ༌ ཟླ༌ཝ༌ དྲུག༌པའེ༌ ནང༌ང༌ དཀོན༌མཆོག༌གི༌ ཕོ༌ཉ༌ གབ༌རི༌ཨེལ༌, གཱ༌ལིལ༌ལིའི༌ ཡུལ༌ཇོངས༌སི༌ གྲོང༌ཁྱེར༌ ན༌ཙ༌རེད༌ལ༌, 27 མིར༌ཡམ༌ ཟེར༌ཁན༌ནི༌ རྩང༌མ༌ ན༌ཆུང༌ཞིག༌ ཡོད༌ས༌ ཀལ༌ལ༌ ཛདས༌། ཁོ༌ གྱལ༌པོ༌ དཱ༌བིད༌དི༌ པུར༌གྱུད༌ ཡོ༌སེབ༌ ཟེར༌ཁན༌བོའ༌ ན༌མའ༌ ཏྲིས༌ཏེ༌ ཨིན༌པིན༌། 28 ཕོ༌ཉ༌ མིར༌ཡམ༌ ཡོད༌ས༌ སྐྱོད༌ཏེ༌ མོལས༌, "ཇུ༌ལེ༌, ཅིན༌ལབས༌ཅན༌ནི༌ བུ༌མོ༌, གཙོ༌བོ༌ དཀོན༌མཆོག༌ ཁྱོ༌རང༌ ཉམ༌པོ༌ ཡོད༌།"
29 མིར༌ཡམ༌མི༌ ཕོ༌ཉའེ༌ མོལ༌ཁན༌གུན༌ ཚོར༌ར༌ཅིག༌, ཁོའེ༌ སེམས༌ ཐེ༌ཚོམས༌ སོང༌ཏེ༌ འི༌ མོལ༌ཁན༌གུན༌ནི༌ ཏོན༌ ཅི༌ ཨིན༌ཧེ༌ སམ༌། 30 ཨིན༌ནའང༌ ཕོ༌ཉའེ༌ མོལས༌, "མིར༌ཡམ༌, ཇིགས༌ མ༌ཇིགས༌, དཀོན༌མཆོག༌གི༌ ཁྱོ༌རང༌ང༌ ཐུག༌རྗེ༌ ཛད༌ཏེ༌ ཨིན༌ནོག༌། 31 ཕན༌ཅེས༌མ༌ གྱུར༌ཏེ༌ ཁྱོ༌རང༌ང༌ སྲས༌ཤིག༌ ལྟམས༌ཨིན༌ ཡང༌ ཁྱོ༌རང༌ངི༌ ཁོང༌ངི༌ ཚན༌ལ༌ ཡེ༌ཤུ༌ ཏོག༌། 32 ཁོང༌ ནི༌ མ༌ ཀྲག༌པོ༌ ཞུགས༌ཏེ༌ ཁོང༌ང༌ ཀུན༌ཝང༌ དཀོན༌མཆོག༌གི༌ སྲས༌ ཞུ༌ཨིན༌། གཙོ༌བོ༌ དཀོན༌མཆོག༌གི༌ ཁོང༌ང༌, ཁོང༌རང༌ངི༌ ཕ༌མེས༌པོ༌ གྱལ༌པོ༌ དཱ༌བིད༌དི༌ ཞུགས༌ཁྲིས༌ སལ༌ཨིན༌། 33 ཁོང༌ངི༌ ཨིས༌ར༌ཨེལ༌ལི༌ མིར༌གྱུད༌དི༌ཀ༌ ཏུས༌གྱུན༌ ཝང༌སྲུལ༌ལ༌ ཛད༌ཨིན༌། ཁོང༌ངི༌ གྱལ༌སྲིད༌དི༌ ཐའ༌མ༌ མ༌ནེ༌ མི༌ཡོང༌།"
34 མིར༌ཡམ༌མི༌ ཕོ༌ཉའ༌ ཟེརས༌, "ང༌ བུ༌ཚ༌ ཉམ༌པོ༌ བྲེལ༌ མ༌ཆའ༌ཁན༌ནི༌ ན༌ཆུང༌ཞིག༌ ཨིན༌པ༌ ཏེ༌བོ༌ ཀ༌ཟུག༌གི༌ གྲུབ༌ ཐུབ༌ཨིན༌?" 35 ཕོ༌ཉའེ༌ ལན༌སལས༌, "དམ༌པའེ༌ ཐུག༌ཉིད༌ ཁྱོ༌རང༌ངི༌ཀ༌ བབས༌ཏེ༌ ཀུན༌ཝང༌ དཀོན༌མཆོག༌གི༌ ཤེད༌དི༌ ཀྲིབ༌ཀྱག༌ ཙོགས༌ལ༌ ཁྱོ༌རང༌ ཀབ༌བ༌ ཛད༌ཨིན༌། ཏེན༌ན༌བོའེ༌ཕིའ༌ ཁྱོ༌རང༌ང༌ ལྟམས༌ཁན༌ནི༌ དམ༌པ༌ ཕྲུ༌གུ༌བོའ༌ དཀོན༌མཆོག༌གི༌ སྲས༌ ཞུ༌ཨིན༌། 36 སྒས༌ཏེ༌ ཡོད༌ཁན༌ ཁྱོ༌རང༌ངི༌ ཉེན༌ ཨེ༌ལི༌ས༌བེད༌དའང༌ ཕྲུ༌གུ༌ ཇོར༌ཅེས༌ ཡོད༌། ཁོའ༌ ཕྲུ༌གུ༌ ཇོར༌མ༌ཉན༌ཁན༌ ཟེར༌ནའང༌ ཁོ༌ ཕན༌ཅེས༌མ༌ གྱུར༌ཏེ༌ ཟླ༌ཝ༌ དྲུག༌པོའེ༌ ནང༌ང༌ ཨིན༌། 37 ཅིའ༌ཟེར༌ན༌ དཀོན༌མཆོག༌ག༌ ཛད༌ མི༌ཉན༌ཅེས༌ ཅའང༌ མེད༌ཀྱག༌།"
38 ཏེ༌ནེ༌ མིར༌ཡམ༌མི༌ ཟེརས༌, "ང༌ གཙོ༌བོ༌ དཀོན༌མཆོག༌གི༌ ཞབ༌སྟོག༌མ༌ ཨིན༌། ཉེ༌རང༌ངི༌ མོལ༌ཁན༌ ནང༌ཞིན༌ གྲུབ༌ཤིག༌།" ཏེ༌ནེ༌ ཁོ༌ བོར༌ཏེ༌ ཏེ༌ཀ༌ནེ༌ ཕོ༌ཉ༌ སྐྱོདས༌།
མིར༌ཡམ༌ དང༌ ཨེ༌ལི༌ས༌བེད༌ ཐུགས༌།
1:39 ནེ༌ 45
39 ཏེན༌ན༌ སྟིང༌ནེ༌ མིར༌ཡམ༌མི༌ གྲལ༌གྲིག༌ ཅོས༌ཏེ༌, ཡ༌ཧུ༌དཱའེ༌ རི༌ ཡུལ༌ལི༌ ནང༌ང༌ གྲོང༌ཁྱེར༌ཞིག༌ག༌ གྱོགས༌པ༌ སོང༌, 40 ཏེ༌རུ༌ ཟ༌ཀར༌ཡཱ༌ དང༌ ཨེ༌ལི༌ས༌བེད༌དི༌ ཁང༌པའ༌ ལེབས༌ཏེ༌ ཁོའེ༌ ཨེ༌ལི༌ས༌བེད༌ལ༌ "ཇུ༌" ཟེརས༌། 41 ཨེ༌ལི༌ས༌བེད༌ལ༌ མིར༌ཡམ༌མི༌ ཇུ༌ ཟེར༌ར༌ ཚོར༌ར༌ཅིག༌, ཁོའེ༌ ཅང༌ཁོག༌ག༌ ཡོད༌ཁན༌ནི༌ ཕྲུ༌གུ༌བོ༌ ཕར༌ ཡང༌ ཨེ༌ལི༌ས༌བེད༌ དམ༌པའེ༌ ཐུག༌ཉིད༌དི༌ གང༌།
42 ཨེ༌ལི༌ས༌བེད༌དི༌ མིར༌ཡམ༌མའ༌ ཤེད༌ནའང༌ ཟེརས༌, "བུ༌མོ༌གུན༌ནི༌ ནང༌ནེ༌ དཀོན༌མཆོག༌གི༌ ཉེ༌རང༌ང༌ ཅིན༌ལབས༌ སལ༌ལ༌ ཛདས༌། ཉེ༌རང༌ང༌ ཇོར༌ཅེས༌ཅན༌ནི༌ སྲས༌པོའང༌ ཅིན༌ལབས༌ཅན༌ ཨིན༌། 43 ང༌ ཡོད༌ས༌ ངའེ༌ གཙོ༌བོའེ༌ ཨ༌མ༌ སྐྱོད༌ཏེ༌ ང༌ ཙམ༌ཤིག༌གི༌ རྩི༌ཝ༌ སལ༌ལ༌ ཛད༌ཏེ༌ ཨིན༌ནོག༌། 44 ཉེ༌རང༌ངི༌ ཇུ༌ མོལ༌ལ༌ ཚོར༌ར༌ཅིག༌ ངའེ༌ ཅང༌ཁོག༌ག༌ ཡོད༌ཁན༌ནི༌ ཕྲུ༌གུ༌བོ༌ ཐད༌ཏེ༌ ཕར༌། 45 ཉེ༌རང༌ ཅིན༌ལབས༌ཅན༌ ཨིན༌ནོག༌ ཅིའ༌ཟེར༌ན༌ གཙོ༌བོའེ༌ མོལ༌ཁན༌བོ༌ དྲན༌དྲ༌ གྲུབ༌ཅུག༌ག༌ ཛད༌ཅེས༌པོའ༌ ཉེ༌རང༌ངི༌ ཨིད༌ཤེས༌ ཅོས༌།
མིར༌ཡམ༌མི༌ སྟོད༌ལུ༌།
1:46 ནེ༌ 56
46 ཡང༌ མིར༌ཡམ༌མི༌ ཟེརས༌,
"ངའེ༌ སེམས༌སི༌ ཐིལ༌ནེ༌ གཙོ༌བོ༌ དཀོན༌མཆོག༌ག༌ སྟོད༌པ༌ ཕུལ༌ལད༌,
47 ཡང༌ ངའེ༌ སེམས༌ཉིད༌དི༌ གའ༌མོ༌ ཅོའད༌,
ཅིའ༌ཞུ༌ན༌ ཁོང༌ ངའ༌ སྐྱོབ༌བ༌ ཛད༌ཁན༌ནི༌ དཀོན༌མཆོག༌ ཨིན༌།
48 ཁོང༌ངི༌ ཁོང༌རང༌ངི༌ ཉམ༌ཤུང༌ ཞབ༌སྟོག༌པ༌ ཐུག༌རྗེ༌ ལྟན༌ཏེ༌ སྣང༌ང༌ ཛདས༌།
ཏ༌ནེ༌ཕར༌ལ༌ མི༌རབས༌ ཚང༌མའེ༌ ངའ༌ ཅིན༌ལབས༌ཅན༌ ཟེར༌ཨིན༌།
49 ཅིའ༌ཟེར༌ན༌ ངའེ༌ ཕིའ༌ ཀུན༌ཝང༌ དཀོན༌མཆོག༌གི༌ ཆག༌ལས༌ གངས༌ཅན༌ ཛདས༌།
ཁོང༌ངི༌ ཚན༌ དམ༌པ༌ ཨིན༌།
50 ཁོང༌ང༌ རྩི༌ཝ༌ དང༌ ཇིགས༌སི༌ ནང༌ང༌ གྲུལ༌ཁན༌གུན༌ ཉམ༌པོ༌,
ཁོང༌ངི༌ སྙིང༌རྗེ༌ མི༌རབས༌ནེ༌ མི༌རབས༌ ལུས༌ཨིན༌།
51 ཁོང༌ངི༌ ཁོང༌རང༌ངི༌ སྟོབས༌ཅན༌ནི༌ ཆག༌ རྐྱང༌ང༌ ཛད༌ཏེ༌
ཕོ༌སོ༌ཅན༌གུན༌ ཡན༌ཅུག༌ག༌ ཛདས༌།
52 ཁོང༌ངི༌ ཝང༌སྲུལ༌པ༌གུན༌ ཁྲིས༌སི༌ ཀ༌ནེ༌ ཕབ༌བ༌ ཛདས༌,
ཨིན༌ནའང༌ ཉམས༌ཆུང༌གུན༌ སྟག༌ག༌ ཛདས༌།
53 ཁོང༌ངི༌ སྟོགས༌ཁན༌གུན༌ ཚིམ༌ ཅུག༌ག༌ ཛདས༌,
ཨིན༌ནའང༌ ཆུག༌པོ༌གུན༌ སྟོང༌པ༌ ལོགས༌ཏེ༌ སལས༌།
54 ཁོང༌ངི༌ སྙིང༌རྗེ༌ ཛད༌ཅེས༌པོ༌ ཞེད༌ད༌ མ༌ཛད༌ད༌
ཁོང༌རང༌ངི༌ ཡོག༌པོ༌ ཨིས༌ར༌ཨེལ༌པ༌གུན༌ལ༌ རོགས༌ ཛདས༌།
55 ཅིའ༌ཟེར༌ན༌ ཁོང༌ངི༌ ཨབ༌ར༌ཧམ༌ དང༌ ཁོའེ༌ པུར༌གྱུད༌,
ང༌དང༌ངི༌ ཕ༌མེས༌པོ༌གུན༌ལ༌ ཏེ༌ ཐའ༌མེད༌པའེ༌ ཞལ༌ཆད༌པོ༌ ཛདས༌།"
56 མིར༌ཡམ༌ ཨེ༌ལི༌ས༌བེད༌ ཉམ༌པོ༌ ཟླ༌ཝ༌ སུམ༌ ཟམ༌ཤིག༌ དུགས༌ཏེ༌ སྟིང༌ནེ༌ ཁོ༌རང༌ངི༌ ཁང༌པའ༌ ན༌ཙ༌རེད༌ལ༌ ལོགས༌ཏེ༌ སོང༌།
ཡོ༌ཧཱ༌ནན༌ ཁྲུས༌སལ༌ཁན༌ ལྟམས༌།
1:57 ནེ༌ 66
57 ཨེ༌ལི༌ས༌བེད༌ལ༌ ཕྲུ༌གུ༌ ཇོར༌ཅེས༌སི༌ ཏུས༌ ལེབ༌བ༌ཅིག༌ ཁོའ༌ བུ༌ཚ༌ཞིག༌ ཇོར༌། 58 ཉེན༌གྲུང༌ དང༌ ཁྱིམ༌ཚེས༌པ༌ གུན༌ནི༌ ཨེ༌ལི༌ས༌བེད༌ལ༌ གཙོ༌བོའེ༌ སྙིང༌རྗེ༌ ཆེན༌མོ༌ ཛད༌ཁན༌བོ༌ ཚོར༌ཏེ༌, ཁོང༌གུན༌ནི༌ ཁོ༌ ཉམ༌པོ༌ གའ༌མོ༌ ཅོས༌།
59 ཞག༌ རྒྱད༌པའེ༌ ཞག༌ག༌ ཁོང༌གུན༌ ཕྲུ༌གུ༌བོའ༌ སུན༌ནད༌ ཅོ༌ཅེས༌ལ༌ ཛོམ༌ཏེ༌, ཨ༌བའེ༌ མིང༌ ཙོགས༌ལ༌ ཕྲུ༌གུའང༌ ཟ༌ཀར༌ཡཱ༌ མིང༌ ཏག༌ཅེས༌ ཅོས༌། 60 ཨིན༌ནའང༌ ཁོའེ༌ ཨ༌མའེ༌ ཟེརས༌, "མན༌ ཁོའེ༌ མིང༌ང༌ ཡོ༌ཧཱ༌ནན༌ ཏག༌གོས༌།"
61 ཁོང༌གུན༌ནི༌ ཁོའ༌ ཟེརས༌, "ཁྱོ༌ཞའེ༌ གྱུད༌དི༌ ནང༌ནེ༌ འི༌ མིང༌བོ༌ སུའང༌ མེད༌།" 62 ཏེ༌ནེ༌ ཁོའེ༌ ཨ༌བའ༌ ལག༌པ༌ ཉམ༌པོ༌ སྟགས༌ ཅོ༌ཨིན༌ ཁོའེ༌ མིང༌ ཅི༌ ཏག༌ཉིན༌རག༌ ཟེར༌ཏེ༌ ཁོའ༌ ཏྲིས༌། 63 ཟ༌ཀར༌ཡཱའེ༌ སྟགས༌ ཅོ༌ཨིན༌ ལག༌ཤིང༌ཞིག༌ ཏོང༌ ཟེརས༌ ཡང༌ ཁོའེ༌ ཏེ༌ཀ༌, "ཁོའེ༌ མིང༌ང༌ ཡོ༌ཧཱ༌ནན༌ ཏོག༌" བྲིས༌པ༌ ཁོང༌ ཚང༌མ༌ ཧ༌ལས༌། 64 ཏེན༌ན༌མལ༌ལ༌ ཁོའ༌ ཡང༌སྐྱར༌ སྤེ༌ར༌ ཏང༌ཉན༌ ཡང༌ ཁོའེ༌ དཀོན༌མཆོག༌ག༌ སྟོད༌པ༌ ཕུལས༌།
65 ཏེ༌གུན༌ ཚོར༌ཏེ༌ ཁྱིམ༌ཚེས༌པ༌གུན༌ དཀོན༌མཆོག༌གི༌ ཇིགས༌སི༌ གང༌, ཡང༌ ཡ༌ཧུ༌དཱའེ༌ རི༌ ཡུལ༌ གང༌པོའེ༌ ནང༌ང༌ ཏེ༌ བྱུང༌ཁན༌གུན༌ནི༌ ནས༌ཚུལ༌བོ༌ ཕེལ༌། 66 ཏེ༌ ནས༌ཚུལ༌ ཚོར༌ཁན༌ ཚང༌མའེ༌ གཙོ༌བོའེ༌ ཁོའེ༌ཀ༌ ཆག༌ བོར༌ཏེ༌ ཅིན༌ལབས༌ སལ༌ཁན༌བོ༌ ཧ༌གོ༌ཏེ༌ ཁོ༌རང༌ ཅིག༌ དང༌ ཅིག༌ག༌ ཏྲིས༌, "ལྡན༌ཏེ༌ འི༌ ཕྲུ༌གུ༌བོ༌ ཅི༌ཞིག༌ གྱུར༌ཨིན༌ཧེ༌?"
ཟ༌ཀར༌ཡཱའེ༌ ལུང༌སྟན༌།
1:67 ནེ༌ 80
67 ཏེ༌ནེ༌ ཨ༌བ༌ ཟ༌ཀར༌ཡཱ༌ དམ༌པའེ༌ ཐུག༌ཉིད༌དི༌ གངས༌ཏེ༌ ལུང༌སྟན༌ ཤདས༌,
68 "ཨིས༌ར༌ཨེལ༌ལི༌ གཙོ༌བོ༌ དཀོན༌མཆོག༌ག༌ སྟོད༌པ༌ ཕུལ༌
ཅིའ༌ཞུ༌ན༌ ཁོང༌ སྐྱོད༌ཏེ༌ ཁོང༌རང༌ངི༌ མི༌གུན༌ ཐར༌ ཅུག༌ག༌ ཛདས༌།
69-70 སྔུན༌མའེ༌ ལུང༌སྟོན༌པ༌ དམ༌པ༌གུན༌ གྱུད༌ཏེ༌
དཀོན༌མཆོག༌གི༌ མོལ༌ཁན༌ ནང༌ཞིན༌, ང༌དང༌ངི༌ ཕིའ༌
ཁོང༌ངི༌ ཞབ༌སྟོག༌པ༌ གྱལ༌པོ༌ དཱ༌བིད༌དི༌ པུར༌གྱུད༌ནེ༌
ཁྱུད༌ཅན༌ སྐྱབ༌གོན༌ཞིག༌ ཀལ༌ལ༌ ཛདས༌,
71 ཏ༌ གྲ༌འོ༌ དང༌ ནཕ༌རད༌ ཅོ༌ཁན༌ ཚང༌མ༌ནེ༌ ང༌དང༌གུན༌ སྐྱོབ༌བ༌ ཛད༌ཨིན༌།
72 དཀོན༌མཆོག༌གི༌ ང༌དང༌ངི༌ ཕ༌མེས༌པོ༌གུན༌ལ༌ དམ༌པ༌ ཆད༌དོན༌ ཛད༌ཁན༌བོ༌
ཨིད༌ཏུ༌ བོར༌ར༌ ཛད༌ཏེ༌ ཁོང༌གུན༌ནི༌ཀ༌ སྙིང༌རྗེ༌ ཛདས༌།
73 ཁོང༌ངི༌ ང༌དང༌ངི༌ ཕ༌མེས༌པོ༌ ཨབ༌ར༌ཧམ༌ ཉམ༌པོ༌
ནའ༌ ཁུར༌ར༌ ཛད༌ཏེ༌ ཏེ༌ ཆད༌དོན༌བོ༌ ཛདས༌།
74-75 ང༌དང༌གུན༌ ང༌དང༌གུན༌ནི༌ གྲ༌འོའེ༌ ལག༌ནེ༌ ཐར༌ཅུག༌ ཛདས༌
ཏ༌ ང༌དང༌གུན༌ནི༌ མི༌ཚེ༌ གང༌པོ༌ ཇིགས༌ནང༌ མེད༌པ༌
དམ༌པ༌ དང༌ དྲང༌པོའེ༌ ནང༌ང༌ དཀོན༌མཆོག༌ག༌ ཞབ༌སྟོག༌ ཞུ༌ཉན༌ཨིན༌།
76 ངའེ༌ བུ༌ཚ༌, ཁྱོ༌རང༌ང༌ ཀུན༌ཝང༌ དཀོན༌མཆོག༌གི༌ ལུང༌སྟོན༌པ༌ ཟེར༌ཨིན༌
ཁྱོ༌རང༌ གཙོ༌བོའེ༌ སང༌ སྔུན༌ལ༌ སོང༌ཏེ༌,
ཁོང༌ སྐྱོད༌ཅེས༌ལ༌ གྲལ༌གྲིག༌ ཅོ༌ཨིན༌།
77 མི༌གུན༌ནི༌ སྡིག༌པ༌གུན༌ལ༌ ཤགས༌པ༌ ཛད༌ཅེས༌པོ༌ གྱུད༌ཏེ༌
ཁྱོ༌རང༌ངི༌ གཙོ༌བོའེ༌ མི༌གུན༌ལ༌ ཐར༌པ༌ ཐོབ༌ཅེས༌སི༌ ལམ༌བོ༌ ལྟན༌ཨིན༌།
78 དཀོན༌མཆོག༌གི༌ ཅམས༌པ༌ གངས༌ཁན༌ནི༌ སྙིང༌རྗེ༌ གྱུད༌ཏེ༌
ཁོང༌ངི༌ མ༌ཤི༌ཀ༌ ང༌མོའེ༌ འོད༌ ལྡང༌ཤན༌བོ༌
ང༌དང༌གུན༌ནི༌ཀ༌ ཤར༌ ཅུག༌ག༌ ཛད༌ཨིན༌།
79 སེམས༌ཉིད༌དི༌ མུན༌གྲིག༌ དང༌ ཤི༌ཅེས༌སི༌ ཇིགས༌ནང༌ངི༌
ནང༌ང༌ ཡོད༌ཁན༌གུན༌ལ༌ འོད༌ ཤར༌ ཅུག༌ག༌ ཛད༌ཏེ༌
ང༌དང༌གུན༌ ཞི༌དེ༌ ལམ༌མི༌ཀ༌ ཁྱོང༌ང༌ ཛད༌ཨིན༌།"
80 ཏེ༌ནེ༌ ཡོ༌ཧཱ༌ནན༌ ལྡན༌ཏེ༌ ཐུག༌ཉིད༌དི༌ ནང༌ང༌ ཤེད༌ཅན༌ སོང༌། ཨིས༌ར༌ཨེལ༌པ༌གུན༌ལ༌ ཆོས༌ཤད༌ཅེས༌ གོ༌ཟུག༌ ཅོ༌ཅོ༌ ཚོག༌པ༌ ཁོང༌ རི༌སྟོང༌ངི༌ ནང༌ང༌ ཞུགས༌།