6
ཕྲུ༌གུ༌ དང༌ ཕ༌མ༌།
6:1 ནེ༌ 4
1 ཕྲུ༌གུ༌གུན༌, ཁྱོ༌ཞའ༌ གཙོ༌བོའེ༌ ཨིན༌ པ༌སང༌, རང༌ངི༌ ཕ༌མའེ༌ ཁའ༌ཉོན༌ཤིག༌, ཅིའ༌ཟེར༌ན༌ ཏེ༌ཟུག༌ ཅོ༌ཅེས༌པོ༌ དྲང༌པོ༌བོ༌ ཨིན༌ནོག༌། 2-3 "ཁྱོ༌ཞ༌གུན༌ནི༌ ཨ༌བ༌ དང༌ ཨ༌མའ༌ རྩི༌ཝ༌ ཅོ༌ཤིག༌།" ཏེ༌བོ༌ ནི༌ དཀོན༌མཆོག༌གི༌ བཀའ༌རྒྱ༌ ཏང༌པོ༌, ཀ༌བོ༌ ཉམ༌པོ༌ "ཁྱོ༌ཞ༌གུན༌ལ༌ ཇིག༌རྟེན༌ནི༌ཀ༌ མི༌ཚེ༌ ཁམ༌ཟང༌ དང༌ ཚེ༌ རིང༌མོའེ༌ ཐོང༌ངོམས༌ ཆེན༌"* 6:3 ཁྲིམས༌སི༌ སྤེ༌ཆ༌ ཉིས༌པའེ༌ 5:16 མོལ༌ཁན༌ནི༌ ཞལ༌ཆད༌པོ༌ ཛདས༌།
4 ཨ༌བ༌གུན༌ནི༌ རང༌ངི༌ ཕྲུ༌གུའ༌ མངས༌ཏེའང༌ ལྡམས༌ཏེ༌ སྲོ༌ ཡོང༌ མ༌ཅུག༌ཤིག༌། ཨིན༌ནའང༌ ཁོང༌གུན༌ལ༌ སྐྱོངས༌ཏེ༌ གཙོ༌བོའེ༌ ལབ༌ཞའེ༌ ནང༌ང༌ ལམ༌ ཟང༌པོའེ༌ཀ༌ ཁྲིད༌ཤིག༌།
ཡོག༌པོ༌ དང༌ སྤོན༌བོ༌།
6:5 ནེ༌ 9
5 ཁྱོ༌ཞ༌ ཚེ༌ཡོག༌གུན༌ནི༌ འི༌ ཇིག༌རྟེན༌ནི༌ ནང༌ང༌, ཁྱོ༌ཞ༌རང༌ངི༌ སྤོན༌བོའ༌ རྩི༌ཝ༌ དང༌ ཇིགས༌ ཉམ༌པོ༌ སྙིང༌ནེ༌ ཁའ༌ཉོན༌ཤིག༌, ཀ༌ཟུག༌ ཁྱོ༌ཞ༌གུན༌ནི༌ མ༌ཤི༌ཀའེ༌ ཁའ༌ཉན༌ནད༌། 6 ཁོང༌གུན༌ ཐད༌ཅུག༌ཅེས༌ལ༌, ཁོང༌གུན༌ནི༌ ཁྱོ༌ཞའ༌ ལྟ༌ ཟ༌ནེ༌, ཅིག༌པོ༌ ཁའ༌ མ༌ཉན༌ནའ༌, མ༌ཤི༌ཀའེ༌ ཚེ༌ཡོག༌ ཙོགས༌ལ༌ སྙིང༌ནེ༌ དཀོན༌མཆོག༌གི༌ ཐུག༌གོངས༌ ཅོ༌ཨིན༌, ཞབ༌སྟོག༌ ཞུ༌ཤིག༌། 7 མི༌གུན༌ནི༌ ཕིའ༌ མན༌པ༌, གཙོ༌བོ༌ མ༌ཤི༌ཀའེ༌ ཕིའ༌ ཨིན༌ སམས༌ཏེ༌ ཞབ༌སྟོག༌ སྙིང༌ནེ༌ གའ༌མོ༌ ཉམ༌པོ༌ ཞུ༌ཤིག༌། 8 ཨིད༌ཏུ༌ ཅོ༌ཤིག༌, ཚེ༌ཡོག༌ ཨིན༌གྲོ༌ ཡ༌ རང༌ཝང༌ཅན༌, ལས༌ ཟང༌པོ༌ ཅོ༌ཁན༌ ང༌དང༌ རེ༌རེའ༌ གཙོ༌བོའེ༌ སོལ༌རས༌ སལ༌ལ༌ ཛད༌ཨིན༌།
9 ཏེན༌ན༌ ཙོགས༌ལ༌ ཁྱོ༌ཞའ༌ སྤོན༌བོ༌གུན༌ནི༌, རང༌ངི༌ ཚེ༌ཡོག༌གུན༌ལ༌ གྱལ༌ལ༌ ཅོ༌ཤིག༌། ཁོང༌གུན༌ལ༌ ཇིགས༌ནང༌ མ༌ལྟན༌ཤིག༌, ཅིའ༌ཟེར༌ན༌ ནམ༌ཁའེ༌ ནང༌ང༌ མ༌ཤི༌ཀ༌ ནི༌, ཁྱོ༌ཞ༌ དང༌ ཁོང༌ ཉིས༌ཀོའེ༌ སྤོན༌བོ༌ ཞུགས༌ཏེ༌ ཨིན༌ཁན༌ ཡང༌ ཁོང༌ངི༌ སུ༌ཞིག༌གའང༌ ཆོགས༌ མ༌ཛད༌ཁན༌བོ༌, ཁྱོ༌ཞའ༌ གྱུས༌ཨིན༌ནོག༌།
ཤེ༌ཏན༌ནི༌ གྱབ༌གལ༌ལ༌ ནོལ༌ཅེས༌སི༌ མག༌ཆའ༌།
6:10 ནེ༌ 20
10 སྟིང༌ཇུག༌གི༌ ཁ༌ད༌, ཁྱོ༌ཞ༌གུན༌ གཙོ༌བོ༌ དང༌ ཁོང༌ངི༌ ཧ༌ལས༌ཤེས༌སི༌ སྟོབས༌སི༌ ནང༌ང༌ ཤེད༌ཅན༌ གྱུར༌ཤིག༌། 11 ཤེ༌ཏན༌ནི༌ ཅུས༌ངན༌གུན༌ནི༌ཀ༌ ནོལ༌ ཉན༌ཅེས༌སི༌ ཕིའ༌, ཁྱོ༌ཞའེ༌ དཀོན༌མཆོག༌གི༌ སལ༌ལ༌ ཛད༌ཁན༌ནི༌ མག༌ཆ༌ ཚང༌མ༌ གོན༌ཤིག༌། 12 ཅིའ༌ཟེར༌ན༌ ང༌དང༌ངི༌, མི༌གུན༌ནི༌ གྱབ༌གལ༌ལ༌ མན༌པ༌, མ༌ཐོང༌ཁན༌ནི༌ ཇིག༌རྟེན༌ནི༌ ངན༌པ༌ སེམས༌ཉིད༌དི༌ ཝང༌སྲུལ༌པ༌གུན༌ནི༌ གྱབ༌གལ༌ལ༌ ནོལ༌ཨིན༌ ཨིན༌ནོག༌, ཀ༌གུན༌ འི༌ ཏུས༌ མུན༌གྲིག༌གི༌ ཝང༌སྲུལ༌པ༌, ཝང༌ ཡོད༌ཁན༌ དང༌ བར༌སྣང༌ངི༌ ངན༌པ༌ ཝང༌ གུན༌ ཨིན༌ནོག༌།
13 ཏེན༌ན༌བོའེ༌ཕིའ༌ ངན༌པའེ༌ ཞག༌པོ༌ ལེབ༌ ཟ༌ནེ༌, ཁྱོ༌ཞ༌གུན༌ནི༌ ནོལ༌ ཉན༌ཅེས༌སི༌ ཕིའ༌, དཀོན༌མཆོག༌གི༌ སལ༌ཁན༌ནི༌ ནོལ༌ཅེས༌སི༌ མག༌ཆ༌ ཚང༌མ༌ གོན༌ཤིག༌། ཏེ༌ནེ༌ མག༌གི༌ སྟིང༌ནེའང༌ ཁྱོ༌ཞ༌གུན༌ རང༌རང༌ངི༌ ནས༌སའེ༌ཀ༌ སྟན༌པོ༌ ལངས༌ཏེ༌ ལུས༌ཨིན༌། 14 རང༌རང༌ངི༌ ནས༌ས༌བོ༌ སྟན༌པོ༌ ཟུམས༌ཏེ༌ དཀོན༌མཆོག༌གི༌ བཀའེ༌ དེན༌བའེ༌ སྐྱེ༌རག༌པོ༌ རང༌ངི༌ སྐྱེད༌པའེ༌ཀ༌ སྲིལ༌ཤིག༌, ཡང༌ མི༌ཚེ༌ དྲང༌པོ༌ ཕུད༌ཅེས༌སི༌ མག༌ཆ༌བོ༌ ཁྱོ༌ཞ༌རང༌ངི༌ ཀྲང༌ངི༌ཀ༌ གོན༌ཤིག༌། 15 ཁྱོ༌ཞ༌གུན༌ནི༌ རྐང༌པའེ༌ཀ༌ གའ༌མོའེ༌ ནས༌ཚུལ༌ལི༌ ཞི༌དེ༌ པ༌བུ༌བོ༌ གོན༌ཏེ༌ མག༌གི༌ ཕིའ༌ གྲལ༌གྲིག༌ ཅོས༌། 16 ཏེ༌གུན༌ནི༌ཀ༌ ནན༌མའ༌, ཤེ༌ཏན༌ནི༌ མེ༌ཅན༌ནི༌ དའ༌གུན༌ སད༌ཉན༌ཅེས༌སི༌ ཕིའ༌, ཁྱོ༌ཞ༌གུན༌ནི༌ ལག༌པའེ༌ ནང༌ང༌ ཏད༌པའེ༌ ཕ༌ལི༌བོ༌ ཟུམ༌ཤིག༌། 17 ཁྱོ༌ཞ༌གུན༌ནི༌ གོའེ༌ཀ༌ ཐར༌པའེ༌ མག༌གི༌ ཏི༌བི༌བོ༌ གོན༌ཤིག༌། ཡང༌ དམ༌པའེ༌ ཐུག༌ཉིད༌དི༌ ར༌འི༌བོ༌ ཁུར༌ཤིག༌, ཀ༌བོ༌ དཀོན༌མཆོག༌གི༌ བཀའ༌ ཨིན༌ནོག༌།
18 ཁྱོ༌ཞ༌གུན༌ནི༌ དམ༌པའེ༌ ཐུག༌ཉིད༌དི༌ ནང༌ང༌ ཏུས༌གྱུན༌ ཞུ༌ཝ༌ དང༌ མོས༌ལམ༌ སྣ༌ཚོགས༌ ཚང༌མ༌ ཕུལ༌ཤིག༌། ཤང༌ ཅོས༌ཏེ༌ དཀོན༌མཆོག༌གི༌ དམ༌པ༌ མི༌ ཚང༌མའེ༌ ཕིའ༌ མོས༌ལམ༌ ཞུ༌ཅེས༌ མ༌ནེ༌ མ༌ཕང༌ཤིག༌།
19 ངའ༌ ཟེར༌ཅེས༌སི༌ སྐབས༌ ཐོབ༌ ཟ༌ནེ༌, ཇིགས༌ནང༌ མེད༌པ༌, གའ༌མོའེ༌ ནས༌ཚུལ༌ལི༌ སང༌ཝའེ༌ སྐོར༌བོ༌ མ༌ སྤོས༌པ༌ ཉམ༌པོ༌ ཤད༌ ཐུབ༌ཅེས༌ལ༌ ངའེ༌ ཕིའང༌ མོས༌ལམ༌ ཞུས༌ཤིག༌། 20 ངའ༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཅེས༌སི༌ ནང༌ང༌ མ༌ཤི༌ཀའེ༌ སྐུ༌ཚབས༌ ཨིན༌ཅེས༌པོའེ༌, ཙོན༌ཁང༌ང༌ ཀགས༌། ཏེན༌ན༌བོའེ༌ཕིའ༌ ངའེ༌ སེམ༌སྟོབས༌ ཉམ༌པོ༌ གའ༌མོའེ༌ ནས༌ཚུལ༌བོ༌ ཤད༌ ཐུབ༌ཅེས༌ལ༌, མོས༌ལམ༌ ཞུས༌ཤིག༌, ཀ༌བོ༌ ངའེ༌ ཅོ༌གོས༌།
སྟིང༌ཇུག༌གི༌ ཇུ༌།
6:21 ནེ༌ 24
21 ཏི༌ཁི༌ཀུས༌, མ༌ཤི༌ཀ༌པའེ༌ སྤུན༌ མ༌ ཅེས༌པ༌ དང༌ གཙོ༌བོའེ༌ ཞབ༌སྟོག༌པ༌ མ༌ ཨིད༌ཤེས༌ཅན༌ཞིག༌ ཨིན༌། ཁོའེ༌ ཁྱོ༌ཞ༌གུན༌ལ༌ ངའེ༌ ནས༌ལུག༌ དང༌ ངའེ༌ ཅོ༌ཨིན༌ ཡོད༌ཁན༌ ཚང༌མའེ༌ སྐོར༌ལ༌ ཞིབ༌སལ༌ ཅོས༌ཏེ༌ ཤད༌ཨིན༌། 22 ང༌ཞའེ༌ ནས༌ལུག༌གུན༌ནི༌ སྐོར༌ལ༌ ཧ༌གོ༌ ཅུགས༌ཅེས༌ དང༌ ཁྱོ༌ཞ༌གུན༌ནི༌ སེམས༌ལ༌ སྤོས༌པ༌ སྐྱེ༌ཅུག༌ཅེས༌སི༌ ཕིའ༌, ངའེ༌ ཁོ༌ ཁྱོ༌ཞའ༌ ཡོད༌ས༌ ཀལ༌ལད༌།
23 དཀོན༌མཆོག༌ ཡབ༌ དང༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌, ཁྱོ༌ཞའ༌ མ༌ཤི༌ཀ༌པ༌ སྤུན༌གུན༌ལ༌ ཞི༌དེ༌ ཡང༌ ཏད༌པ༌ ཉམ༌པོ༌ ཅམས༌པ༌ སལ༌ཤིག༌། 24 ང༌དང༌ངི༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀ༌ ཐའ༌མེད༌པའེ༌ ཅམས༌པ༌ ཅོ༌ཁན༌གུན༌ལ༌ དཀོན༌མཆོག༌གི༌ ཐུག༌རྗེ༌ སལ༌ལ༌ ཛད༌ཤིག༌།།