ལེའུ་དྲུག་པ།
1 ང་ཚོ་དཀོན་མཆོག་དང་ལྷན་དུ་ལས་ཀ་བྱེད་པས། ང་ཚོས་ཁྱེད་རྣམས་ལ་དཀོན་མཆོག་གི་ཐུགས་རྗེ་དོན་མེད་དུ་མ་ལེན་པར་སྐུལ། 2 ཁོང་གིས་གསུངས་པ་ལྟར།
དུས་ལ་བབས་པས་ང་ཡིས་ཁྱེད་ལ་ཉན། །
ཐར་པའི་ཉིན་མོར་ཁྱེད་ལ་སྐྱོབ་རོགས་བྱས། །* 6:2 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་49 ཨང་གྲངས་8 ལ་འཁོད་ཡོད།
ཅེས་འཁོད་ཡོད། ལྟོས་ཤིག ད་ལྟ་དུས་ལ་བབས་པ་ཡིན། ད་ལྟ་ཐར་པའི་ཉིན་མོ་ཡིན་ནོ། 3 ཞབས་ཏོག་འདི་ལ་སྐྱོན་མི་འདོགས་པའི་ཕྱིར་ང་ཚོས་གཞན་ལ་སུ་ཞིག་གི་ལམ་ལ་གེགས་པར་མི་གཏོང༌། 4 རྣམ་པ་ཀུན་ནས་ང་ཚོ་དཀོན་མཆོག་གི་ཞབས་ཕྱི་བཅོས་མིན་ཡིན་པར་སྟོན་ཏེ། བཟོད་པ་ཆེན་པོ་དང༌། སྡུག་བསྔལ་དང༌། དཀའ་ངལ་དང༌། རྐྱེན་ངན་དང༌། 5 ཉེས་རྡུང་ཕོག་པ། བརྩོན་འཇུག་དང༌། ཟིང་ཆ་དང༌། ངལ་རྩོལ་དང༌། གཉིད་མི་ཁུག་པ་དང༌། ལྟོགས་པ་དང༌། 6 དག་པའི་སྤྱོད་ལམ་དང༌། ཤེས་རབ་དང༌། ངང་རྒྱུད་རིང་པོ་དང༌། དྲིན་དང༌། དམ་པའི་ཐུགས་ཉིད་དང༌། བཅོས་མིན་གྱི་བྱམས་སེམས་དང༌། 7 བདེན་པའི་གཏམ་དང༌། དཀོན་མཆོག་གི་ནུས་མཐུ་དང༌། ལག་པ་གཡས་གཡོན་ལ་དྲང་བདེན་གྱི་མཚོན་ཆ་ལྡན་པ་དང༌། 8 སྟོད་རུང་སྨད་རུང༌། བཟང་ངན་ཅི་བརྗོད་རུང༌། གཡོ་རྒྱུ་ཅན་ལྟར་རྩི་ནའང་བདེན་པ་ཡིན། 9 ང་ཚོ་ནི་མིང་གྲགས་མེད་པ་ལྟར་རྩི་ཡང་གྲགས་ཅན་ཡིན། འཆི་བ་ལ་ཐུག་ཀྱང་གསོན་པོ་ཡིན། ཉེས་ཆད་བཅད་ཀྱང་མ་བསད། 10 སེམས་སྐྱོ་ནའང་རྟག་ཏུ་དགའ་བར་བྱེད། དབུལ་པོར་རྩི་ནའང་མི་མང་པོ་ལ་ནོར་སྦྱིན། ཅི་ཡང་མེད་པར་རྩི་ཡང་ཐམས་ཅད་ཡོད་མཁན་ཡིན།
11 ཀྱེ་ཀོ་རིན་ཐུ་པ་རྣམས། ཁྱེད་ཚོར་ཁ་གསང་པོར་བརྗོད་ཅིང༌། ང་ཚོའི་སེམས་ཀྱི་སྒོ་ཁྱེད་ཚོར་འབྱེ། 12 ང་ཚོས་ཁྱེད་ཚོར་གཅེས་པ་མཚམས་མ་བཞག་ཀྱང༌། ཁྱེད་ཚོས་ང་ཚོར་གཅེས་པ་བཞག་པར་གྱུར། 13 དེའི་ལན་དུ་ངའི་ཕྲུ་གུར་སྨྲ་བ་ལྟར་ཁྱེད་ཚོའི་སེམས་ཀྱི་སྒོ་འབྱེད་ཅིག་ཅེས་བརྗོད།
ང་ཚོ་ནི་དཀོན་མཆོག་གི་མཆོད་ཁང་ལྟར་ཡིན།
14 དད་མེད་པ་རྣམས་དང་འགྲོགས་ནས་གཉའ་ཤིང་མ་ཁུར་ཞིག གང་ལགས་ཤེ་ན། དྲང་བདེན་དང་ཁྲིམས་འགལ་ལ་འབྲེལ་བ་ཅི་ཡོད། འོད་དང་མུན་པ་ལ་འབྲེལ་བ་ཅི་ཡོད། † 6:14 ལུང་སྟོན་པ་མོ་ཤེའི་མདོ་ལྔ་པ་སྟེ་བཀའ་ལུང་ལེའུ་22 ཨང་གྲངས་10 ལ་གཟིགས། 15 མཱ་ཤི་ཀ་དང་བདུད་པེ་ལི་ཡཱར་ལ་མཐུན་པ་ཅི་ཡོད། དད་པ་ཅན་དང་དད་མེད་པ་ཞིག་ལ་འབྲེལ་བ་ཅི་ཡོད། ‡ 6:15 པེ་ལི་ཡཱར་ནི་བདུད་སཱ་ཏན་གྱི་མིང་གཞན་ཡིན། 16 ཡང་དཀོན་མཆོག་གི་མཆོད་ཁང་དང་སྐུ་འདྲ་རྣམས་ལ་མཐུན་པ་ཅི་ཡོད། ང་ཚོ་ནི་གཏན་དུ་གནས་པའི་དཀོན་མཆོག་གི་མཆོད་ཁང་ཡིན་ཏེ། དཀོན་མཆོག་གིས་གསུངས་པ་བཞིན།
ང་ཉིད་ཁོ་ཚོའི་དཀྱིལ་དུ་གནས། །
ཁོ་ཚོའི་ཁྲོད་དུ་རྒྱུ་བར་བྱེད། །
ང་ཉིད་ཁོ་ཚོའི་དཀོན་མཆོག་དང༌། །
དེ་རྣམས་ང་ཡི་འབངས་སུ་འགྱུར། །§ 6:16 ལུང་སྟོན་པ་མོ་ཤེའི་མདོ་གསུམ་པ་སྟེ་ལེ་ཝི་ཚུལ་ཁྲིམས་ལེའུ་26 ཨང་གྲངས་12 དང༌། ལུང་སྟོན་པ་ཨེ་ཟི་ཀི་ཨེལ་གྱིས་བྲིས་པའི་མདོ་ལེའུ་37 ཨང་གྲངས་27 ལ་གཟིགས།
ཞེས་འཁོད། 17 དེའི་ཕྱིར་གཙོ་བོས་འདི་སྐད་གསུངས།
ཁོ་ཚོ་བྲལ་ནས་ཐོན་པ་དང༌། །
མི་གཙང་བ་དང་མ་རེག་ཅིག །
དེས་ན་ཁྱེད་རྣམས་དང་དུ་ལེན། །* 6:17 ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་52 ཨང་གྲངས་11 དང༌། ལུང་སྟོན་པ་ཨེ་ཟི་ཀི་ཨེལ་གྱིས་བྲིས་པའི་མདོ་ལེའུ་20 ཨང་གྲངས་34 དང་41 ལ་གཟིགས།
18 ང་ནི་ཁྱེད་ཀྱི་ཡབ་འགྱུར་ཞིང༌། །
ཁྱེད་ཚོ་སྲས་དང་སྲས་མོར་འགྱུར། །
ཀུན་དབང་གཙོ་བོས་འདི་སྐད་གསུངས། །† 6:18 ཚིགས་བཅད་འདི་ནི་ལུང་སྟོན་པ་ཤ་མུ་ཨེལ་གྱི་མདོ་གཉིས་པ་ལེའུ་7 ཨང་གྲངས་14 ལ་འཁོད་ཡོད།
ཞེས་འཁོད་ཡོད་དོ། །
*ལེའུ་དྲུག་པ།:2 6:2 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་49 ཨང་གྲངས་8 ལ་འཁོད་ཡོད།
†ལེའུ་དྲུག་པ།:14 6:14 ལུང་སྟོན་པ་མོ་ཤེའི་མདོ་ལྔ་པ་སྟེ་བཀའ་ལུང་ལེའུ་22 ཨང་གྲངས་10 ལ་གཟིགས།
‡ལེའུ་དྲུག་པ།:15 6:15 པེ་ལི་ཡཱར་ནི་བདུད་སཱ་ཏན་གྱི་མིང་གཞན་ཡིན།
§ལེའུ་དྲུག་པ།:16 6:16 ལུང་སྟོན་པ་མོ་ཤེའི་མདོ་གསུམ་པ་སྟེ་ལེ་ཝི་ཚུལ་ཁྲིམས་ལེའུ་26 ཨང་གྲངས་12 དང༌། ལུང་སྟོན་པ་ཨེ་ཟི་ཀི་ཨེལ་གྱིས་བྲིས་པའི་མདོ་ལེའུ་37 ཨང་གྲངས་27 ལ་གཟིགས།
*ལེའུ་དྲུག་པ།:17 6:17 ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་52 ཨང་གྲངས་11 དང༌། ལུང་སྟོན་པ་ཨེ་ཟི་ཀི་ཨེལ་གྱིས་བྲིས་པའི་མདོ་ལེའུ་20 ཨང་གྲངས་34 དང་41 ལ་གཟིགས།
†ལེའུ་དྲུག་པ།:18 6:18 ཚིགས་བཅད་འདི་ནི་ལུང་སྟོན་པ་ཤ་མུ་ཨེལ་གྱི་མདོ་གཉིས་པ་ལེའུ་7 ཨང་གྲངས་14 ལ་འཁོད་ཡོད།